05

རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་མཐོ་གནོན་ཡན་ལག་ཀུང་སིས། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་གློག་བརྙན་ལྟ་བའི་བྱེད་སྒོ་སྤེལ་བ། 2024年12月13日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་གཤིས་སློབ་གསོ་གཏིང་ཟབ་སྤེལ་ཆེད། ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་མཐོ་གནོན་ཡན་ལག་ཀུང་སིའི་ཏང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གསར་བརྗེའི་གློག་བརྙན《དང་བླངས་དམག འཆི་གསོན་གྱི་འཐབ་འཛིང》བལྟས་ཡོད། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་བྱས་ནས་རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཏང་ཡོན་ལས་བྱེད་པའི་རྒྱལ་གཅེས་ཀྱི་བརྩེ་བ་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་ཆེད་ཡིན་པ་རེད།

རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་མཐོ་གནོན་ཡན་ལག་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས། ང་ཚོས་ད་ཐེངས་ཀྱི་གློག་བརྙན་ལྟ་བའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་གསར་བརྗེའི་རིག་གནས་ཀྱི་དོན་སྙིང་གཏིང་ཟབ་ཚོར་བ་བྱས་ནས་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དང་ཁེ་ལས་ཀྱི་རིག་གནས་ཕན་ཚུན་མཉམ་འདྲེས་ཐུབ་པ་བྱ་རྒྱུ་ཡིན་ལ། ཏང་ཡོན་ལས་བྱེད་པ་དང་ལས་མི་ཡོངས་ཀྱིས་རྒྱུན་གཏན་གྱི་སྒྲིག་ཆས་བཀོལ་སྤྱོད་དང་ཉམས་བཟོ་སོགས་ཀྱི་ལས་དོན་སྤེལ་རིང་། བློ་བརྟན་འགྱུར་མེད་དང་འཆི་རྒྱུར་མི་སྐྲག་པའི་དང་བླངས་དམག་གི་སྙིང་སྟོབས་མིག་དཔེར་བཟུང་ནས་ས་བབ་མཐོ་བ་དང་རྙོག་འཛིང་ཆེ་བའི་ས་གཤིས་ཆ་རྐྱེན་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་དུ་བསད་དེ། རང་ལྗོངས་ཀྱི་གློག་ཤུགས་མཁོ་སྤྲོད་ཀྱི་ལས་འགན་ལྕི་པོ་ཁུར་ཕོད་པ་བྱས་ནས་རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་རྒྱུར་ལྕག་སྐུལ་བྱེད་ཀྱི་ཡིན་ཞེས་བརྗོད།

(ཚེ་དབང་ལྷ་མོས་བསྒྱུར། བདེ་དབང་དང་ཚེ་ལྷས་ཞུས)