ཀྲེ་ཅང་ཀྲུའུ་ཅི་གྲོང་ཁྱེར་མིང་ཏེ་སློབ་ཆུང་གིས་རྒྱལ་ཁབ་ཀྱི་རིག་ལྡན་སློབ་གསོའི་སློབ་ཚན་དོན་འཁྱོལ་བྱེད་པ་དང་ཆབས་ཅིག མི་ཐབས་རིག་ནུས་ཀྱི་སློབ་ཚན་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སློབ་མའི་ཚན་རིག་བྱང་ཚད་ལ་ཤུགས་སྣོན་རྒྱག་གི་ཡོད། དེའང་སློབ་གྲྭས་སྤྲོ་འཕེལ་བྱ་རིམ་རྩོམ་སྒྲིག་དང་། C++སྐད་ཡིག་སློབ་སྦྱོང་། འཕྲུལ་མི་བཟོ་བ། མི་མེད་གནམ་གྲུ་གཏོད་མཁན་སོགས་ཀུན་ཕན་རྣམ་པའི་སློབ་ཚན་བཀོད་སྒྲིག་བྱས་ཡོད། འདི་ནི་ཀྲུའུ་ཅི་གྲོང་ཁྱེར་མིང་ཏེ་སློབ་ཆུང་གི་སློབ་མས་ཆ་འཕྲིན་སློབ་ཁང་ནང་C++སྐད་ཡིག་གི་བྱ་རིམ་རྩོམ་སྒྲིག་སློབ་ཚན་འཚོག་བཞིན་པ།