འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས“དབུ་སྐྲ་དཀར་ཡང་སེམས་པ་ཏང་ལ་ཕྱོགས། ཚེ་མཇུག་སླེབས་ཀྱང་ཐོག་མའི་བསམ་འདུན་མངོན”ཞེས་པའི་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་འཚོགས་པ་རེད།
ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་རིང་། ཀྲི་པུའུ་ཚན་པར་བྱས་ཏེ་ཁྱོན་འཐུས་མིའི་རུ་ཁག་6བཙུགས་ནས་རྒན་ཡོལ་ཞུས་པའི་ལས་བྱེད་པ་100ཙམ་ཞུགས་ཡོད་པ་དང་། སྒྲོམ་སྟེགས་སྤོ་ལོ་དང་། མིག་མངས། ཤོ་སོགས་འགྲན་བསྡུར་རྣམ་གྲངས་4དང་སྤོ་ལོ་འདེགས་པ་དང་། རྙི་རྒྱག་པ། ལྒང་ཕུག་རྡོག་རྫིས་གཏོང་བ་བཅས་རོལ་རྩེད་རྣམ་གྲངས་3འཆར་འགོད་བྱས་ཡོད་ཅིང་། རྒྱ་ཆེའི་རྒན་ཡོལ་ཞུས་པའི་ལས་བྱེད་པས་མིང་ཐོ་བཀོད་དེ་ཧུར་ཐག་ཞུགས་ཡོད། འགྲན་རར་འགྲན་ཞུགས་བདམས་ཐོན་པ་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་འགྲན་བསྡུར་བྱས་པས་འགྲན་བསྡུར་བྱ་ཡུལ་དུ་དགའ་འབོད་དང་། ཐལ་མོའི་རྡེབ་སྒྲ། དགོད་སྒྲ་བཅས་ཀྱིས་ཁེངས་ཡོད་པ་རེད།
འགྲན་ཞུགས་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚང་མས། དེ་ཐེངས་ཀྱི་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ཏེ། སྤྲོ་སེམས་དང་། ཧུར་སེམས། དངོས་སྒྲུབ་དོན་གཉེར་གྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ལས་ཀ་བྱེད་པ་དང་འཚོ་བ་བསྐྱལ་ཏེ། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་སྒོ་དབྱེ་སྔོན་བསྟར་གྱི་བྱ་གཞག་ཁག་ལ་སྐུལ་མ་གཏོང་ཆེད་ནུས་པ་ལྷག་མ་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།