07

རི་བོ་ཆེ་རྫོང་གིས“ཏང་འཛུགས་སྐྱོང+”ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ། 2024年12月11日

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་རི་བོ་ཆེ་རྫོང་གིས་ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོ་གཉིས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། “ཏང་འཛུགས་སྐྱོང+”ཀྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་ཀྱིས་ལག་བསྟར་བྱས་ཤིང་། ཏང་འཛུགས་སྐྱོང་ལས་དོན་དེ་རིག་གནས་ཡུལ་སྐོར་སྤུས་རྟགས་དང་། དང་བླངས་ཞབས་ཞུ། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས། ཐབས་མང་མཉམ་སྤྱོད་ཀྱིས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་ཡོད།

“ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་སྤུས་རྟགས་ཟུང་འབྲེལ”གྱིས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་ཤིང་། “ངོ་མཚར་ཆེ་བའི་རིག་གནས་ཡུལ་སྐོར”གྱི་ཁྱད་ལྡན་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཧུར་ཐག་བཏོད་དེ“རིག་གནས་དམངས་ཕན་དང་རིག་གནས་སྐྱོང་གསོའི”དམིཌ་ཚད་གཏན་འཁེལ་བྱས་པ་དང་། “རྒྱལ་ལམ་214/317”གྱི་གཙོ་རྐང་ལ་དམིཌ་ནས“རིག་གནས་ཡུལ་སྐོར་མཉམ་འདྲེས”ཀྱི་ལམ་བུ་ཤར་གཏོང་ཐུབ་པར་བྱས་ཏེ། “རྣམ་གྲངས་དང་། མ་དངུལ། དྲིལ་བསྒྲགས”བཅས་གཙོ་གནད་གསུམ་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད། ད་ལོ་ཚུན་དུ་ཡུལ་སྐོར་བ་མི་ཐེངས་64461ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་ཁྲི་869.5བྱུང་བ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་11%འཕར་ཡོད།

“ཏང་འཛུཌ་སྐྱོང་དང་དང་བླངས་ཞབས་ཞུ་ཟུང་འབྲེལ”གྱིས་དམངས་ལ་ཞབས་འདེགས་ཞུ་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཞིང་། 《རི་བོ་ཆེ་རྫོང་གི་ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས་དང་ཞབས་ཞུ་གཉིས”ཀྱི་ལས་དོན་ཇུས་གཞི》བཟོས་ནས་བཀྲམ་སྟེ། ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད”ཀྱི་འགན་འཁྲི་དང་ལས་འགན་དང་། ཞབས་ཞུའི་ནང་དོན། གོ་རིམ་ཚད་ལྡན་བཅས་ཁ་གསལ་བཟོས་པ་མ་ཟད། ད་དུང་གྲོང་ཚོའི(གྲོང་ལྷན)ལྟ་སྐུལ་ལས་གནས་དང་། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་ལས་གནས། སྲིད་ཇུས་དྲིལ་བསྒྲགས་ལས་གནས། དམངས་དོན་རྩོད་གཞི་འདུམ་འགྲིག་ལས་གནས། ཏང་ཡོན་གྱི་གདོང་ལེན་ཞབས་ཞུའི་ལས་གནས། ཁོར་ཡུག་འཕྲོད་བསྟེན་ལྟ་སྐུལ་ལས་གནས། ཤེས་དཔལ་སྲོལ་གསར་དར་སྤེལ་ལས་གནས་བཅས་ཏང་ཡོན་གྱི་དཔེ་སྟོན་ལས་གནས་7བཀོད་སྒྲིག་ལུགས་མཐུན་བྱས་ནས་ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད”ལ་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།

“ཏང་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་ཟུང་འབྲེལ”གྱིས་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཞིང་། གྲོང་ཚོར་བཅའ་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་ལྔར”དམིགས་ནས“རང་ངོས་འོས་སྦྱོར་དང་རྩ་འཛུགས་ཀྱིས་མངགས་གཏོང་ཟུང་འབྲེལ”གྱི་བྱེད་ཐབས་བརྒྱུད། “3+Xདང་2+X”གྲོང་ཚོར་བཅའ་སྡོད་བྱེད་སྟངས་སྟབས་བསྟུན་ངང་སྤྱད་དེ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་84དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་360བཀོད་སྒྲིག་ཡག་པོ་བྱས་ནས་རྩ་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་གྱུར་ཡོད། དེ་དང་དུས་མཚུངས《ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་ཀའི་ཇུས་གཞི》དང《དྲ་མིག་ཅན་གྱི་ལས་དོན་མི་སྣའི་བྱ་དགའི་ལས་དོན་སྐོར་གྱི་ལག་བསྟར་ཇུས་གཞི》བཟོས་ནས་ཚད་གཞི་མཐོ་བ་དང་། སྤུས་ཚད་ལེགས་པ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་ཐུབ་པར་བྱས་ཡོད།