07

བྱ་ཐབས་གནད་ལ་འཁེལ། གཡུར་ཟའི་གྲུབ་འབྲས་ཐོབ། ——ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་གླིང་ཁུལ་གྱིས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ། 2024年12月11日

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་གླིང་ཁུལ་དོ་དམ་ཨུ་ལྷན་ཏང་ཀྲི་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་ཀྲི་པུས་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ལ་སྣེ་ཁྲིད་བྱེད་པའི་ལྗོངས་ཡོངས་ཀྱི་དཔེ་སྟོན་རྟེན་གཞི་གཏོད་པ་དམིགས་ཚད་དུ་མཐའ་འཁྱོངས་དང་། འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་ཧུར་ཐག་འདོན་པ། རང་འགུལ་ངང་འགན་འཁྲི་ཁུར་བ་དང་བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་ཐོན་ལས་དང་ཁེ་ལས་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་གཞོལ་བས། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད།

ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུཌ་སྣོན་བརྒྱབ་ནས།

འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་ནུས་པ་ཤུགས་ཆེར་བཏང་བ།

ཚལ་སྣེ་གླིང་ཁུལ་དོ་དམ་ཨུ་ལྷན་ཏང་ཀྲི་པུས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འབྲེལ་འདྲིས་ཧུར་ཐག་བྱས་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། ས་མཐོའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་འཛུཌ་སྐྱོང་གི་དམིགས་ཚད་ལ་གཞིགས་པ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་པ་བཅས་བྱས་ནས་ཏང་འཛུགས་སྐྱོང་གི་འཁོར་འབྲེལ་དེ་ཐོན་ལས་འཁོར་འབྲེལ་དང་། འཕེལ་རྒྱས་འཁོར་འབྲེལ་། མཉམ་ལས་འཁོར་འབྲེལ་བཅས་དང་མཉམ་འདྲེས་བྱ་རྒྱུར་ཤུཌ་སྣོན་བརྒྱབ་ཡོད།

ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་བྱས་ཤིང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཚལ་སྣེ་གླིང་ཁུལ་དོ་དམ་ཨུ་ལྷན་ཏང་ཀྲི་པུས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ་འཛུགས་གཏོད་ཀྱི་དོན་སྙིང་གལ་ཆེན་ཤེས་རྟོགས་དང་ཀྲི་པུའུ་འཛུགས་སྐྱོང་གི་ཆབ་སྲིད་དང་རྩ་འཛུཌ་ཀྱི་བྱེད་ནུས་ཆེ་རུ་གཏོང་བའི་བླང་བྱ་མངོན་པར་བྱས་ཏེ། གླིང་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་གྱི་ཆེད་དོན་ཚོགས་ཆུང་དང་རྒྱུན་རྣམ་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་བཙུགས་ཏེ། ཏང་ཀྲི་པུའི་ཧྲུའུ་ཅིས་སྣེ་ཁྲིད་དེ་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་ཏང་འཛུཌ་སྐྱོང་གི་ལས་དོན་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས།“ཏང་འཛུགས་སྐྱོང་གི་འཁོར་འབྲེལ”དང“ཐོན་ལས་འཁོར་འབྲེལ”འཕེལ་རྒྱས་དང་མཐོར་འདེགས་ཡོང་བར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། ཚལ་སྣེ་གླིང་ཁུལ་དོ་དམ་ཨུ་ལྷན་ཏང་ཀྲི་པུས་སྔ་རྗེས་སུ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཀྱི་ཆེད་དོན་ཚོཌ་ཆུང་གི་ཚོཌ་འདུ་ཐེངས་8འཚོགས་ནས། ཆེད་དོན་རྣམ་གྲངས་6དོན་འཁྱོལ་དང་འདེབས་འཛུགས་ལག་རྩལ་གྱི་དཀའ་གནད་18ཐག་གཅོད་བྱས་ཡོད།

ཞིང་ལས་དེང་རབས་ཅན་ལ་དམ་འཛིན་བྱས་ནས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“གདོང་ལེན་དམག”བཙུགས་པ།

ཚལ་སྣེ་གླིང་ཁུལ་དོ་དམ་ཨུ་ལྷན་ཏང་ཀྲི་པུས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་མཐའ་འཁྱོངས་བྱས་ནས། གླིང་ཁུལ་ལྟེ་བར་བྱེད་པ་དང་རྫོང་ཡོངས་ལ་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ལས་ཀའི་བསམ་ཕྱོགས་གཏན་འཁེལ་བྱས་ཏེ་མི་རིགས་ཅན་དང་། ས་ཁོངས་ཅན། མི་ཆོས་རིག་གནས་བཅས་ཀྱི་ཁྱད་ལྡན་ཐོན་རྫས་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ཡོད།

ཐོན་ལས་དང་པོའི་འདེབས་འཛུགས་བརྟན་པོ་ཡོང་བ་བྱས་ཤིང་། ཚལ་སྣེ་གླིང་ཁུལ་དོ་དམ་ཨུ་ལྷན་ཏང་ཀྲི་པུས་སྣེ་ཁྲིད་དེ་ཁེ་ལས་དང་མངགས་ཐོའི་རྣམ་པའི་ཕྱིར་ཚོང་བྱེད་ཐབས་བཙུགས་པ་དང་། ལྗོངས་དང་གྲོང་ཁྱེར་གྱི་མངགས་བཅོལ་ཚན་ཞིབ་རྣམ་གྲངས་2དང་ལེན། 2023ལོར་ཧོ་ནན་ཞིང་ལས་སློབ་ཆེན་དང་། ཧྭ་ནན་ཞིང་ལས་སློབ་ཆེན། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་སོགས་ཚན་ཞིབ་ཁང་དང་སུའོ་6དང་མཉམ་ལས་ཀྱི་འབྲེལ་བ་བཙུཌ་པ། འབྲུ་སྨུག་པོ་དང་། བ་གླང་། ཉུང་མ་སོགས་སྣ་ཁ་གསར་པ་48ནང་འདྲེན་བྱས་ནས་ཚོད་ལྟ་བྱས་ཡོད།

ཐོན་ལས་གཉིས་པའི་ལས་སྣོན་ལ་ཤུགས་སྣོན་བརྒྱབ་ཅིང་། ཚལ་སྣེ་གླིང་ཁུལ་དོ་དམ་ཨུ་ལྷན་ཏང་ཀྲི་པུས་ད་ཡོད་ཀྱི་ཐོན་ལས་རྣམ་གྲངས་ལ་གཞི་ཚུགས་ཏེ། ལྗོངས་ཕྱི་ནང་ནས་ལྷ་ས་ཀུན་བཟང་ཚོང་དོན་ཚད་ཡོད་ཀུང་སི་སོགས་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་པ་དང་། བོད་ཀྱི་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་དེང་རབས་ཅན་གྱི་ཁེ་ལས་དོ་དམ་བྱ་ཐབས་སྤྱད་དེ། མ་བཅོས་རྒྱུ་ཆ་ཉོ་སྒྲུབ་དང་། ལས་སྣོན་ཞིབ་བཤེར། ཐུམ་སྒྲིལ། གསོག་ཉར། སྐྱེལ་འདྲེན་སོགས་ཀྱི་ཐོན་སྐྱེད་བརྒྱུད་རིམ་གྱི་ཚད་གཞི་ལག་བསྟར་ནན་པོ་བྱས་ཏེ་སྤུས་ཀ་ལེགས་པའི་ཐོན་རྫས་ཕྱིར་ཚོང་བྱས་ཡོད།

ཐོན་ལས་གསུམ་པའི་ཡུལ་སྐོར་གྱི་ཁྱབ་རྒྱ་ཆེ་རུ་བཏང་ཞིང་། ཚལ་སྣེ་གླིང་ཁུལ་དོ་དམ་ཨུ་ལྷན་ཏང་ཀྲི་པུས་སྲོལ་རྒྱུན་གྱི་མི་རིགས་ཡུལ་སྐོར་ཐོན་ལས་གླིང་ཁུལ་གྱི་མཛེས་སྡུག་ལྡན་པའི་ཚལ་སྣེའི་AAAཡུལ་སྐོར་མཛེས་ལྗོངས་ཁུལ་ཧུར་ཐག་བཏོད་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2023ལོ་ནས་བཟུང་ཚལ་སྣེ་གླིང་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་17ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་566ལྷག་ཙམ་བྱུང་ཡོད། ལོ་ལྟར་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་5000ཡན་ཟིན་རྒྱུར་སྐུལ་ཁྲིད་བྱས་ཡོད།

མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས།

འབབ་འཕར་ཕྱུག་འགྱུར་གྱི“ཟམ་སྣེའི་བཙན་རྫོང”བསྐྲུན་པ།

ཚལ་སྣེ་གླིང་ཁུལ་དོ་དམ་ཨུ་ལྷན་ཏང་ཀྲི་པུས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་གཏོད་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐད། ཚལ་སྣེ་གླིང་ཁུལ་དོ་དམ་ཨུ་ལྷན་ཏང་ཀྲི་པུས“ཁེ་ལས་དང་། རྟེན་གཞི། དུད་ཚང་དབུལ་པོ”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་ཐབས་གཏན་འཁེལ་བྱས་པ་མ་ཟད། རིགས་གཅིག་མཁས་ཅན་གདན་ཞུ་དང་། ཤེས་ལྡན་པ་ནང་འདྲེན། ཕྱི་ཕྱོགས་སུ་སྤེལ་རེས་སློབ་སྦྱོང་། གསོ་སྦྱོང་འཛིན་གྲྭ་གཉེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དབུལ་སྒྲོལ་དུད་ཚང་ས་གཙང་བདེ་ཐང་ཐོན་ལས་ཀྱི་ཆེད་ལས་ལག་རྩལ་པར་རྒྱུན་ཆད་མེད་པར་གསོ་སྦྱོང་བྱས་ནས་ཁོང་ཚོར་བསམ་བློར་བཅིངས་འགྲོལ་གཏོང་རོཌ་དང་ཕྱུག་འགྱུར་ལམ་བུར་འཁྲིད་རོགས་བྱས་ཡོད། 2019ལོ་ནས་བཟུང་གླིང་ཁུལ་གྱིས་གཅིག་སྡུད་སློབ་ཁྲིད་དང་། ཞིང་ནང་དུ་དངོས་སྦྱོང་། བསམ་བློའི་སློབ་གསོ་སོགས་ཀྱི་བྱེད་ཐབས་བརྒྱུད་ལས་རིགས་ཞིང་པ་གསར་པ་238གསོ་སྐྱོང་བྱས་ཤིང་། མིག་སྔར་ཐོན་ལས་བཟོ་པ་59གླིང་ཁུལ་དུ་ལས་ཞུགས་གཞན་སྒྱུར་ཐུབ་ནས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ལྷག་ཙམ་བྱུང་ཡོད།

ཚལ་སྣེ་གླིང་ཁུལ་དོ་དམ་ཨུ་ལྷན་ཏང་ཀྲི་པུས་ད་དུང་སྣེ་ཁྲིད་དེ་གཞི་རིམ་ཚན་ཞིབ་ལས་དོན་ས་ཚིགས་བཙུགས་པ་དང་། ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་30ལྷག་ཙམ་མུ་མཐུད་གདན་དྲངས་ནས་དུས་ངེས་མེད་ཐོག་ལག་རྩལ་མཛུབ་ཁྲིད་དང་། ལོ་ལྟར་རིཌ་གཅིག་མཁས་ཅན་གྱི་བློ་འདྲིའི་ཚོཌ་འདུ་ཐེངས་10ཙམ་འཚོགས་ནས་ཞིང་པའི་ལས་རིགས་སློབ་གསོའི་གསོ་སྦྱོང་ལ་སྐུལ་འདེད་བཏང་སྟེ། ལས་རིགས་ཅན་གྱི་ལས་དོན་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

(པ་སངས་དང་། མཚམས་གཅོད། བསྟན་བཟང་། ཚེ་ཁོ་བཅས་ཀྱིས་སྒྱུར་ཞུས་བྱས)