འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“སྤྲིན་སྟེང་སྟག་རྩེ”—“ཨ་ཁུ་སྟོན་པའི”ཕ་ཡུལ་གྱི་བྱ་འཕུར་རིག་གནས་ཡུལ་སྐོར་གྱི་དུས་ཚིགས་གཉིས་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་ཉིན་གསུམ་སྤེལ་རྒྱུ་ཡིན་པ་དང་དེའི་དམིགས་ཡུལ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་སྟག་རྩེའི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད།