02

བོད་ཀྱི་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་ཐོག་མ་བཙུགས་པ། 2024年12月09日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། མི་དམངས་དངུལ་ཁང་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་སྦྲག་སྲིད་གསོག་འཇོག་དངུལ་ཁང་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་མཉམ་དུ་སྦྲག་སྲིད་གསོག་འཇོག་དངུལ་ཁང་ལྷ་ས་གྲོང་ཁྱེར་ཅང་སུའུ་ཤར་ལམ་ལས་གཉེར་ཁང་དུ་བོད་ཀྱི་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་ཐོག་མ་སྒོ་བྱང་བཀལ་ནས་བཙུགས་པ་རེད། རྟེན་གཞི་བཙུགས་ནས་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་བརྒྱུད་སྤེལ་དང་ཁྲིམས་སྐྱོང་གི་དགོངས་དོན་དར་སྤེལ་གཏོང་བའི་འཐབ་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ། བདེ་འཇགས་དང་། བརྟན་ལྷིང་། ཞི་མཐུན་བཅས་ཀྱི་དངུལ་རྩའི་ཁོར་ཡུག་སྐྲུན་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།