འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་བཟོ་ཚོགས་དང་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མཉམ་དུ་གཙོ་གཉེར་བྱས་པའི་རང་སྐྱོང་ལྗོངས་ཀྱི་ཟོག་འཁོར་དང་དྲ་འབོད་གླ་འཁོར་གྱི་ཁ་ལོ་བ་གཅིག་སྡུད་བཟོ་ཚོཌ་ནང་ཞུགས་པ་དང་གཞི་རིམ་དུ་བཟོ་ཚོགས་ཀྱི་ཞབས་ཞུའི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུཌ་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཐང་མིང་དབྱིན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་བློ་མཐུན་བོད་དུ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།
བྱེད་སྒོར“ལམ་དུ་ཆས་དུས་བཟོ་ཚོགས་ཁྱེད་དང་འགྲོགས། གངས་ལྗོངས་ཡུལ་དུ་གཅེས་སེམས་སྦྲེལ་ཟམ་འཛུགས”བརྗོད་དོན་གཙོ་བོར་བྱས་ནས་ས་གནས་ས་ཐོག་ཏུ་ཨང་བཤེར་ཚོགས་ཞུགས་དང་། དྲོ་སྐྱིད་སྦྱིན་པ། བཅའ་ཁྲིམས་ཁྱབ་གདལ། རིག་གནས་ཁྱབ་སྤེལ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་ཚོགས་ཞུགས་ལག་རྟགས་སྤྲད་པ་མ་ཟད་ཁ་ལོ་བ་ཚོགས་མིར་སྣུམ་སྣོན་གཟིགས་སྐྱོང་དང་། རྒྱང་རིང་སྨན་བཅོས། སྒུལ་བདེའི་ཉམས་ལེན་སོགས་ཞབས་ཞུའི་གསལ་ཐོ་ཡོངས་བསྒྲགས་བྱས་པ་རེད།