01

《བོད་རང་སྐྱོང་ལྗོངས་ཀྱི་སོལ་རླངས་བདེ་འཇགས་དོ་དམ་བྱ་ཐབས》 ཟླ་12ཚེས་4ཉིན་ནས་བཟུང་ལག་བསྟར་བྱས་པ། 2024年12月07日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 《བོད་རང་སྐྱོང་ལྗོངས་ཀྱི་སོལ་རླངས་བདེ་འཇགས་དོ་དམ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)2024ལོའི་ཟླ་12ཚེས་4ཉིན་ནས་བཟུང་ལག་བསྟར་བྱས་པ་རེད། 《བྱ་ཐབས》དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་གྱི་ལས་དོན་བདེ་བླག་སྤེལ་བར་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན་པར་བྱ་ཆེད། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དང་ས་ཁུལ(གྲོང་ཁྱེར)ཁག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་བདེ་འཇགས་ཆེད་དོན་བཅོས་སྒྲིག་ལས་དོན་ཆེད་དོན་ཚན་ཁག་གི་ཁོངས་མིའི་ཚན་པ་སྒྲིག་འཛུགས་བྱས་ནས་ཚོགས་འདུ་འཚོགས་ཏེ《བྱ་ཐབས》ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་སྦྲགས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ཀྱི་སོལ་རླངས་བདེ་འཇགས་དོ་དམ་བྱ་ཐབས》འདོན་པའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་སྤྱི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱས་ནས་སོལ་རླངས་ལས་རིགས་འཁོར་སྐྱོད་ཚད་ལྡན་ཡོང་བ་བྱེད་ཆེད་རེད། 《བྱ་ཐབས》བཏོན་པ་དེས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་བདེ་འཇགས་དོ་དམ་གྱི་རྩེ་རིམ་ཇུས་འགོད་ཀྱི་སྟོང་ཆ་སྐོང་བ་དང་། སྡེ་ཚན་དང་། ས་ཁུལ་དང་གྲོང་ཁྱེར། ཁེ་ལས་བཅས་དབར་གྱི་འགན་འཁྲི་གསལ་པོ་བཟོ་བ། སྐྱེལ་འདྲེན་དང་། གསོག་ཉར། ཕྱིར་ཚོང་སོགས་ལྷུ་ཚིགས་ཀྱི་བདེ་འཇགས་ལྟ་འདོམས་བླང་བྱ་ཚད་ལྡན་དུ་གཏོང་བ། སོལ་རླངས་མཁོ་འདོན་གྱི་བདེ་འཇགས་འགན་ལེན་བཅས་བྱས་པ་བརྒྱུད། སོལ་རླངས་ལས་འཛོལ་ཐོན་ཉུང་དུ་ནུས་ལྡན་ཕྱིན་ནས་སྤྱི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཐུབ་ཡོད་པ་རེད།

(པ་ཚེ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)