07

པར་རིས་གསར་འགྱུར། 2024年12月06日

ཉེ་ཆར། ལྷུན་རྩེ་རྫོང་གི་2024ལོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་ཚ་ཚ་འུར་འུར་ངང་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེ་ལྷུན་རྩེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ལྷོ་ཁ་དམག་ཕུགས་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་དང་དེ་བཞིན་ལྷོ་ཁ་དམག་ཕུགས་མི་ཤུགས་ཐོན་ཁུངས་ཚད་ཡོད་ཀུང་སིས་གཉེར་འགན་ཁུར་ཞིང་། འགྲན་བསྡུར་གྱི་ནང་དོན་ལ་ཀྲུང་ལུགས་གཡོས་སྦྱོར་དང་། སྣམ་བུ་འཐག་པ། མགྲོན་ཁང་ཞབས་ཞུ་སོགས་ཚུད་ཡོད་པས། རྫོང་ཡོངས་ཀྱི་ལས་རིགས་ཁག་གི་རྩལ་ནུས་མཁས་ཅན་མང་དག་ཅིག་ཞུགས་ཡོད།

འདི་ནི་འགྲན་ཞུགས་བདམས་ཐོན་པས་མགྲོན་ཁང་ཞབས་ཞུའི་རྩལ་ནུས་ངོམ་བཞིན་པ།