06

ཞིང་འབྲོག་པའི་རི་འཛེག་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་རྗེས་གྲབས་ཤེས་ལྡན་པའི་གསོ་སྦྱོང་འཛིན་གྲྭ་གཞིས་རྩེར་གཉེར་བ། 2024年12月06日

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དུས་ཡུན་ཉིན་5ཡི་རི་འདེབས་ཀྱི་ཞིང་འབྲོག་པའི་རི་འཛེག་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་རྗེས་གྲབས་ཤེས་ལྡན་པའི་གསོ་སྦྱོང་འཛིན་གྲྭ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྒང་དཀར་གྲོང་རྡལ་དུ་གཉེར་བ་དང་། དེའི་དམིགས་ཡུལ་ནི་རི་འདེབས་ཀྱི་ཡུལ་སྐོར་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་རི་འཛེག་ལ་དགའ་པོ་ཡོད་མཁན་དེ་བས་མང་བའི་ཡིད་དབང་བཀུག་སྟེ། བོད་ཀྱི་རི་འཛེག་བྱ་གཞག་དེ་བས་ལེགས་པ་དང་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

གསོ་སྦྱོང་མི་སྣས་རི་མཐོའི་ཁོར་ཡུག་སྲུང་སྐྱོང་དང་། རོགས་སྐྱོབ་སྒྲིག་ཆས་བེད་སྤྱོད། རི་འཛེག་གི་གཞི་རྩའི་བཀོལ་སྤྱོད་སོགས་ཀྱི་ནང་དོན་ལ་དམིགས་ནས་དིང་རི་རྫོང་དང་གཉའ་ནང་རྫོང་གི་གསོ་སྦྱོང་ལ་ཞུགས་མཁན་སློབ་མར་བརྒྱུད་རིམ་ལྡན་པའི་ཆེད་ལས་གསོ་སྦྱོང་བྱས་པ་རེད།

གསོ་སྦྱོང་བྱས་པ་བརྒྱུད། སློབ་མ་ཚོས་རི་འཛེག་བྱེད་སྒོ་དང་རོགས་སྐྱོབ་དངོས་ཁྲོད་དུ་རི་མཐོའི་རོགས་སྐྱོབ་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་རྨང་གཞིའི་རོགས་སྐྱོབ་རྩལ་ནུས་དག་རགས་ཙམ་སྤྱོད་ཐུབ་པ་པ་རེད།