
འདི་ནི་རྩྭ་མདའ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་བཀོད་འཐབ་པས་གུ་གེའི་རོལ་དབྱངས་འདུ་ཚོགས་ཀྱི་ལས་སྒྲུབ་ས་ཚིགས་སུ་མེ་ཟོན་དྲིལ་བསྒྲགས་བྱེད་བཞིན་པ།

འདི་ནི་མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་བཀོད་འཐབ་པས་མང་ཚོགས་ལ་མེ་ཟོན་རོགས་སྐྱོབ་ཡོ་བྱད་ཀྱི་སྒྲིག་ཆས་ངོ་སྤྲོད་བྱེད་བཞིན་པ།

འདི་ནི“དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་ཆེ་མོའི”བྱེད་སྒོ་སྤེལ་རིང་གྲོང་མི་དང་མེ་ཟོན་ཀོ་ཕིག་གིས་མཉམ་པར་རྒྱག་བཞིན་པ།
འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་མེ་ཟོན་བདེ་འཇགས་ཀྱི་རྣམ་པ་བཟང་པོ་གཏོད་ཆེད། ཉིན་ཤས་བསྟུད་མར་མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“དམངས་ཡོངས་ཀྱིས་མེ་ཟོན། ཚེ་སྲོག་གོང་དུ་བཀུར་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་ཆེ་མོའི”བྱེད་སྒོ་སྤེལ་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་རིང“དམངས་ཡོངས་ཀྱིས་མེ་ཟོན་ཤེས་བྱར་མཉམ་དུ་ཉམས་ལེན་བྱེད”དང་། མེ་ཟོན་དྲིལ་བསྒྲགས་ཀྱི“གཤམ་སྤེལ་དྲུག” མེ་ཟོན་ཤེས་བྱའི་བརྙན་ལམ་སྟོན་པ་སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་སྤེལ་ནས། མང་ཚོགས་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་བརྒྱུད་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་སྤེལ་བྱས་ཏེ། མེ་ཟོན་དྲིལ་བསྒྲགས་ཀྱི་དམིགས་སའི་རང་བཞིན་དང་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།