05

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་ཞུགས་པའི་བོད་ལྗོངས་ལུས་རྩལ་པའི་ཉམས་བཟང་། ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ལ་ཞུགས་ནས་མཐུན་སྒྲིལ་གྱི་བསྟོད་དབྱངས་མཉམ་དུ་ལེན། 2024年12月06日

འདི་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་ཞུགས་པའི་བོད་ལྗོངས་འཐུས་མི་ཚོགས་པའི་མི་རིགས་ལུས་སྦྱོང་ལུས་རྩལ་གྱི་ལུས་རྩལ་པས་འགྲན་བསྡུར་མཇུག་འགྲིལ་རྗེས་ཧྥུའུ་ཅན་འཐུས་མི་ཚོགས་པའི་ལུས་རྩལ་པ་དང་མཉམ་དུ་སྒོར་གཞས་འཁྲབ་བཞིན་པ།

འདི་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ཐོག་རྡོ་སྒོར་རྒྱག་བཞིན་པ།

འདི་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་ཞུགས་པའི་བོད་ལྗོངས་འཐུས་མི་ཚོགས་པའི་མི་རིགས་ལུས་སྦྱོང་ལུས་རྩལ་གྱི་ལུས་རྩལ་པས་འགྲན་བསྡུར་མཇུག་འགྲིལ་རྗེས་ཧྲན་ཏུང་འཐུས་མི་ཚོགས་པའི་ལུས་རྩལ་པ་དང་མཉམ་དུ་སྒོར་གཞས་འཁྲབ་བཞིན་པ།

འདི་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་བོད་ལྗོངས་འཐུས་མི་ཚོཌ་པས་རལ་པ་འཁྲབ་བཞིན་པ།

འདི་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་འཁྲབ་སྟོན་རྣམ་གྲངས་ཀྱི་བྱ་དགའ་སྤྲོད་པའི་དགོང་ཚོགས་འཚོག་ཡུལ་ཡིན་པ།

འདི་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་བོད་ལྗོངས་རུ་ཁག་གི་བདམས་ཐོན་པས་བྱང་རྒན་ཐག་ཤུད་གློད་བཞིན་པ།

འདི་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་ཞུགས་པའི་བོད་ལྗོངས་འཐུས་མི་ཚོགས་པའི་ལུས་རྩལ་པས་མུ་ཏིག་སྤོ་ལོའི་འགྲན་བསྡུར་མ་བྱས་གོང་སྦྱོང་བརྡར་བྱེད་བཞིན་པ།

འདི་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་ཞུགས་པའི་བོད་ལྗོངས་འཐུས་མི་ཚོགས་པའི་ལུས་རྩལ་པས་མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ་འགྲན་བསྡུར་བྱེད་བཞིན་པ།

འདི་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་འགོ་ཚུགས་མཛད་སྒོར་བོད་ལྗོངས་འཐུས་མི་ཚོགས་པ་འགྲན་རར་འཛུལ་བཞིན་པ།

ཟླ་11ཚེས་22ཉིན་ནས་ཚེས་30ཉིན་བར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཧའེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་དུ་འཚོགས་པ་རེད།

མི་རིགས་མཐུན་སྒྲིལ་གྱི་འདུ་ཚོགས་གཟབ་རྒྱས་འདིར་མི་རིགས་ཁག་གི་ལུས་རྩལ་པས་འགྲན་རར་འདྲ་མཉམ་འགྲན་རྩོད་དང་སྤེལ་རེས་སློབ་སྦྱོང་བྱས་ཏེ“འདྲ་མཉམ་དང་། མཐུན་སྒྲིལ། འབད་འབུངས། ཡར་བརྩོན”བཅས་ཀྱི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་དམིགས་ཡུལ་གསོན་ཉམས་དོད་པས་མངོན་པར་བྱས་ཡོད།

ཟླ་11ཚེས་26ཉིན། ལུས་རྩལ་འགྲན་ཚོགས་ཀྱིས“མི་རིགས་ཀྱི་མཉམ་སྤྲོ་ཆེན་པོའི”བྱེད་སྒོ་ཆེད་མངགས་བཀོད་སྒྲིག་བྱས་ཤིང་། ཧའེ་ནན་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རོལ་དབྱངས་མཉམ་དུ་དཀྲོལ་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་བསུ་བ་ཞུས་པ་དང་། འཁྲབ་སྟོན་པ་དང་། ལུས་རྩལ་པ། རྩལ་ཁྲིད་པ་བཅས་ཀྱིས་ལག་གདང་སྦྲེལ་ནས་གླུ་ལེན་གར་འཁྲབ་བྱས་པ་རེད། བོད་ལྗོངས་ལུས་རྩལ་པས་གཟབ་མཆོར་ལེགས་པར་སྤྲས་ཏེ་པེ་ཅིང་བོད་ལྗོངས་སློབ་འབྲིང་གི་ལུས་རྩལ་པ་དང་མཉམ་དུ་བོད་གཞས་གཏོང་བ་དང་། སྒོར་གཞས་རྒྱག་པ། ལག་རྟགས་སྤྲོད་རེས་བཅས་བྱས་པ་མ་ཟད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལུས་རྩལ་པ་དང་ཕན་ཚུན་བཀྲ་ཤིས་ནོར་གཡང་དང་དྲན་རྟེན་དངོས་པོ་སྤྲོད་རེས་བྱས་ཏེ་ཕན་ཚུན་སྤེལ་རེས་དང་དྲན་རྟེན་པར་བརྒྱབ་པ་རེད།

སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་ཤུར་མདའི་རྣམ་གྲངས་ཀྱི་བུད་མེད་ཀྱི་མདའ་རྩལ་འགྲན་བསྡུར་ཁྲོད་བོད་ལྗོངས་ཉིང་ཁྲིའི་ལུས་རྩལ་པ་སྐལ་བཟང་ཆོས་སྒྲོན་ལ་བྱ་དགའ་རིམ་པ་དང་པོ་ཐོབ་ཅིང་། ཁོ་མོ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན་པ་རེད། བོད་ཀྱི་འཐུས་མི་ཚོགས་པའི་ཤུར་མདའི་རུ་ཁྲིད་པ་ངག་དབང་བསྟན་རྒྱལ་གྱིས། ལོ་འདི་དག་ནང་བོད་ཀྱི་ཤུར་མདའི་ལུས་རྩལ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ཕུལ་བྱུང་གི་ཕྲུ་གུ་དེ་བས་མང་བ་ལུས་རྩལ་རྣམ་གྲངས་དེར་ཞུགས་ཡོད། ཁོང་ཚོར་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་ལ་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་ཀྱང་ལྡན་ཡོད་ཅེས་འཛུམ་དམུལ་དམུལ་ངང་བཤད།

གཞན་ཡང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཐོག་རྡོ་སྒོར་དང་། བི་ཤུ། རྡོ་འགྱོགས་སོགས་ཀྱི་ཁྱད་ལྡན་འཁྲབ་སྟོན་རྣམ་གྲངས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྐུལ་མ་ཐེབས་ནས། ཚང་མས་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཚོར་ཐུབ་པ་བྱུང་ཡོད།

(བདེ་དབང་གིས་བསྒྱུར། ཉི་དོན་གྱིས་ཞུས)