02

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པའི་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ། 2024年12月04日

འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པའི་ཕྱོགས་སྡོམ་ཚོགས་འདུ་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཕུང་ཧྲན་སྦྱོང་བརྡར་རྟེན་གཞིར་འཚོགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་བོད་ཀྱི་འཐུས་མི་ཚོགས་པའི་ཁོངས་མིའི་གྲས་སུ་བོད་རིགས་དང་མོན་པ་རིགས་སོགས་མི་རིགས་11ཡོད་པ་དང་། ལོ་ན་ཆེ་ཤོས་71དང་ཆུང་ཤོས་17ཡིན་པ་རེད། ལུས་རྩལ་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་སྟོབས་བརྩོན་བྱས་པ་བརྒྱུད། ཁྱོན་བྱ་དགའ་77ཐོབ་པའི་ནང་བྱ་དགའ་རིམ་པ་དང་པོའི་བསྡོམས་འབོར་དང་བྱ་དགའི་བསྡོམས་འབོར་གཉིས་ཀ་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་ཡིན་པ་མ་ཟད། ལུས་རྩལ་ཀུན་སྤྱོད་དར་སྲོལ་གྱི་བྱ་དགའ་ཡང་ཐོབ་ནས་འགྲན་བསྡུར་དང་ཀུན་སྤྱོད་དར་སྲོལ་གཉིས་ཀར་གྲུབ་འབྲས་བཟང་པོ་ཐོབ་པ་རེད།