འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི་ཆན་ཧྥུའུ་220ཡི་གཡུ་ལུང་གློག་སྒྱུར་ས་ཚུགས་ཀྱི་གློག་སྒྱུར་གཙོ་བོ་ཨང་3པ་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་ཆན་ཧྥུའུ་220ཡི་གཡུ་ལུང་གློག་སྒྱུར་ས་ཚུགས་ཀྱི་གློག་སྒྱུར་རྒྱས་སྐྲུན་ལས་གྲྭའི་ལས་འགན་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱུང་བ་མཚོན་ཡོད།
ཆན་ཧྥུའུ་220ཡི་གཡུ་ལུང་གློག་སྒྱུར་ས་ཚུགས་དེ་བོད་ཤར་རྒྱུད་ཀྱི་གཙོ་ཆེའི་གློག་ཤུགས་ལྟེ་གནས་ས་ཚུགས་ཤིག་ཡིན་པའི་ངོས་ནས་གློག་སྒྱུར་ཨང་3པ་ནས་བདེ་བླག་ངང་གློག་གཏོང་ཐུབ་པ་དེས་ཆན་ཧྥུའུ་220ཡི་གཡུ་ལུང་གློག་སྒྱུར་ས་ཚུགས་ཀྱི་གློག་མཁོ་འདོན་ནུས་པ་ཆེ་རུ་ནུས་ལྡན་གཏོང་རྒྱུ་རེད།