07

ཇ་ཞིང་དུ་སྒྲོག་འགྲེལ་བྱས་པས་མི་སེམས་སུ་གཏིང་ཟབ་ཟུག་པ། 2024年10月16日

ཉེ་ཆར། འབྲས་སྤུངས་ཤང་ངག་ཚང་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་རུ་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། གྲོང་སྡོད་ལས་དོན་རུ་ཁག་གིས་ཞིང་ལས་དང་སྒྲོག་འགྲེལ་གཉིས་ཀ་འཐུས་ཤོར་མི་ཡོང་བ་བྱས་ཏེ་ཞིང་ནང་དང་མུ་ཁ་དང་ཞིང་ཁྱིམ་དུ་བསྐྱོད་དེ“སྒོ་རྩར་སྒྲོག་འགྲེལ”བྱེད་པ་དང་མང་ཚོགས་ལ་ཞིང་ལས་དུས་ཚོད་བརྩོན་ལེན་བྱེད་རོགས་བྱས་ཏེ་ཏང་གི་སྲིད་ཇུས་དུས་ཐོག་ཏུ་མང་ཚོགས་ལ་དྲིལ་བསྒྲགས་བྱས་པ་རེད།

འདི་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་ཇ་ཞིང་དུ་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།