འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ད་ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་གྱིས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ལམ་ལུགས་ནན་དུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པ། དྲིལ་བསྒྲགས་གཏིང་ཟབ་བྱེད་པ་བཅས་ཀྱི་ཐབས་མང་མཉམ་སྤྱོད་ཀྱིས་གཙང་པོ་དང་མཚོར་སྲུང་སྐྱོང་བྱས་ཁར། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་བ་རེད།
རྫ་ཡུལ་རོང་སྟོད་གྲོང་རྡལ་གྱིས་ཆུ་དཔོན་ལམ་ལུགས་ཀྱི“འགན་འཁྲི་གསུམ་དང་ལམ་ལུགས་གསུམ”ལ་བརྟེན་ནས་གཙང་མཚོ་བཅོས་སྒྲིག་གི་ཆེད་དོན་འགོ་ཁྲིད་ཚོགས་ཆུང་བཙུཌ་པ་དང་འབྲེལ། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་ལེན་དུ་འཁྱོལ་ཐུབ་པའི་ལས་ཀའི་ཇུས་གཞི་བཟོས་ནས་འབྲེལ་ཡོད་ཆེད་དོན་བཅོས་སྒྲིག་གི་བྱེད་སྒོ་སྤེལ་རྒྱུར་མཛུབ་ཁྲིད་བྱས་པ་རེད། དེ་དང་ཆབས་ཅིག་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཁྱོན་ཡོངས་ལ་ཁྱབ་པའི་སྐོར་བཤེར་བཅོས་སྒྲིག་བྱས་ནས་གྲོང་ཚོ་ཁག་གི་ཆུ་དཔོན་དང་། ཏང་ཡོན་མང་ཚོགས། གྲོང་སྡོད་ལས་དོན་རུ་ཁག་བཅས་དང་དེ་བཞིན་དང་བླངས་པ་སོགས་སྒྲིག་འཛུགས་ཀྱིས་གཙང་པོ་རྒྱུག་ཁུལ་དུ་གཅིག་སྡུད་བཅོས་སྒྲིག་གི་བྱེད་སྒོ་ཐེངས་མང་སྤེལ་ནས་ཆུ་ནང་འབབ་རྡོ་དང་། འགྱིག་ཤོག སྡོང་སྐམ་ལྕུག་ཕྲན་སོགས་གཙང་སེལ་བྱས་པ་རེད། མིག་སྔའི་བར་རྫ་ཡུལ་རོང་སྟོད་གྲོང་རྡལ་གྱིས་འཕྲུལ་འཁོར་ཆེ་གྲས་ཐེངས་10དང་མི་260ལྷག་ཙམ་བཏང་ནས་ཆུ་ཡུར་གྱི་གད་སྙིགས་ཏུན་5ལྷག་ཙམ་གཙང་སེལ་བྱས་པ་རེད།