མེ་གསོད་ཐོན་རྫས་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་རྫུན་ལྷད་ཞན་གསུམ་གྱི་མེ་གསོད་ཐོན་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་དང་། ཁྲོམ་ར་ལྟ་སྐུལ་དོ་དམ། མེ་ཟོན་བཅས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་དུ་མེ་གསོད་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།
ཞིབ་བཤེར་བྱེད་རིང་། ཞིབ་བཤེར་མི་སྣས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱར་ནན་པོ་གཞིགས་ཏེ་མེ་གསོད་ཐོན་རྫས་ཕྱིར་ཚོང་དང་བེད་སྤྱོད་ཚན་པའི་མེ་སྐྱོན་རང་འགུལ་ཉེན་གཏོང་མ་ལག་དང་། མེ་གསོད་ཡོ་བྱད། མེ་ཟོན་འཕྲལ་སྡོམ་གློག་སྒྲོན། ཁང་ནང་གི་མེ་གསོད་ཆུ་སྒོ་སོགས་མེ་གསོད་ཐོན་རྫས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། ཐོན་རྫས་སྣ་ཚོགས་ཀྱི་ཚད་གཞི་དང་ཨང་རྟགས་དང་། ནུས་ཆོད་དཔྱད་གྲངས། ཐོན་སྐྱེད་བཟོ་གྲྭ་སོགས་ཀྱི་གནད་འགག་ཆ་འཕྲིན་དེ་ཐོན་རྫས་ཀྱི་སྤུས་ཚད་དཔང་རྟགས་ཡིག་ཆའི་ནང་དོན་དང་གཅིག་མཚུངས་ཡིན་མིན་སོགས་ལ་དཔྱད་བསྡུར་ཞིབ་ཚགས་བྱས་པ་དང་འབྲེལ། ལག་ཐོགས་ཁ་པར་སྤྱད་དེ་ཐོན་རྫས་ཁག་གཅིག་གི་རྩ་གཉིས་ཨང་རྟགས་བཤེར་ནས་ཐོན་སྐྱེད་བཟོ་གྲྭ་དང་། དུས་ཚོད། ས་གནས། ནུས་ཆོད་བཅས་ཀྱི་དཔྱད་གྲངས་དེ་ཕྱི་ཐུམ་གྱི་མཚོན་བྱང་དང་གཅིག་མཚུངས་ཡིན་མིན་དང་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་མིན་ལ་དཔྱད་བསྡུར་བྱས་པ་རེད།
པར་①ནི་ཞིབ་བཤེར་མི་སྣས་མེ་གསོད་ཕྱེ་སྐམ་ལ་ཞིབ་བཤེར་བྱེད་བཞིན་པ།
པར་②ནི་ཞིབ་བཤེར་མི་སྣས་མེ་ཟོན་འཕྲལ་སྡོམ་གྱི་མི་སྣ་ཁ་འགྲེམས་གློག་སྒྲོན་ལ་ཞིབ་བཤེར་བྱེད་བཞིན་པ།
པར་③ནི་ཞིབ་བཤེར་མི་སྣས་མེ་གསོད་ཐོན་རྫས་ཀྱི་དབྱེ་འབྱེད་ཨང་རྟགས་ཆ་འཕྲིན་ལ་ཞིབ་བཤེར་བྱེད་བཞིན་པ།