གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལ་ཐོབ་པའི་ཕན་འབྲས་བརྟན་དུ་ཏན་ཏིག་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཆུ་ཤུར་གྲོང་ཚོའི་ཏང་ཨུད་ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”དང་། གྲོང་སྡོད་ལས་དོན་རུ་ཁག ཆེད་བསྐོས་ལས་བྱེད་པ་སོགས་སྒྲིག་འཛུགས་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་སྤེལ་བ་རེད། འདི་ནི་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཆུ་ཤུར་གྲོང་ཚོའི“ཨུ་ལྷན་གཉིས”དང་། གྲོང་སྡོད་ལས་དོན་རུ་ཁག ཆེད་བསྐོས་ལས་བྱེད་པ་སོགས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་ལ་གཙང་སྦྲ་བྱེད་བཞིན་པ།