འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས“སྤྱི་ཚོགས་འགན་སྲུང་ཞབས་ཞུ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་ནས། ཚང་མས་འགན་འཁྲི་གཙང་སྒྲུབ་དང་ཚང་མས་ལོངས་སྤྱོད་ཐུབ་པའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་དམངས་ཕན་སྲིད་ཇུས་ཁྱབ་གདལ་གཏོང་བ་དང། སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བ། དམངས་འཚོ་འགན་ལེན་གྱི་མཐའ་ཚད་བརྟན་དུ་ཏན་ཏིག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་འགན་སྲུང་གི་ཁེ་ཕན་མང་ཚོགས་ལ་ཐད་ཀར་ཐོབ་པར་བྱས་པ་རེད།
ཅུས་དེས་ཉང་བྲན་ཁྲོམ་གཞུང་དང་མཉམ་དུ་གཅིག་སྡུད་དྲིལ་བསྒྲགས་བྱས་ནས། ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་བྱེད་པ་དང་། གཅིག་གཏད་གཅིག་གིས་དོགས་གཞིར་ལན་འདེབས་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་བ་དང་། ཐོབ་ཐང་རྩིས་སྤྲོད། ཐོབ་ཐང་ཁས་ལེན། སྤྱི་ཚོགས་འགན་བཅོལ་གཱ་སྤྱོད་པ་སོགས་ཀྱི་སྲིད་ཇུས་གཙོ་བོར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། མང་ཚོགས་ཀྱིས་བློ་འདྲི་བྱས་པའི་ཆད་དངུལ་གསབ་འཇལ་དང་། ཡུལ་གཞན་དུ་འགན་བཅོལ་ནང་ཞུགས་པ། རྩིས་ཐོ་རྒྱུན་འཛིན། གཤིན་པོ་དུར་འཇུག་གི་ཁ་གསབ་རེ་ཞུ་སོགས་ཀྱི་གླེང་མང་བའི་གནད་དོན་ལ་ལན་ཞིབ་ཅིང་ཕྲ་བ་འདེབས་པ། མང་ཚོགས་ཚོས་དྲ་ཐོག་ནས་ལས་སྒོ་གཉེར་སྟངས་ཁོང་དུ་ཆུད་པར་ཁྲིད་སྟོན་བཅས་བྱས་པས། མང་ཚོགས་ཚོས་སྲིད་ཇུས་རྒྱུས་ལོན་ཐུབ་ཚད་དང་འགན་བཅོལ་ནང་ཞུགས་པའི་ཧུར་སེམས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།