འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། ལྷ་ས་གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་བཅས་དང་མཉམ་དུ་ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པར“Eཁྲིམས་བོད་དུ་ཁྱབ་གདལ་བཏང་། གཞོན་ནུའི་འཚར་ལོངས་ལེགས་པར་སྲུང”ཞེས་པའི་སློབ་གྲྭར་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་ལས་དོན་པས་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱ་སྲུང་སྐྱོང་གི་བརྗོད་དོན་གཙོ་བོར་གཞིགས་ཏེ། ན་སོ་དར་ལ་མ་བབས་པས་རྒྱུན་དུ་དྲ་རྒྱ་སྤྱོད་སྐབས་ཀྱི་ཉེན་ཁར་དམ་པོར་དམིགས་ནས། ཆ་འཕྲིན་ངན་པའི་གནོད་འཚེ་དང་། དྲ་རྒྱར་དབྱིངས་ཞུགས་དྲགས་པ། དྲ་རྒྱའི་བརྙས་བཅོས། དྲ་རྒྱའི་ཁ་བསླུས་སོགས་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་གོ་བདེ་ཤེས་སླའི་སྐད་ཆ་ནས་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱ་སྲུང་སྐྱོང་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་ལ་གསལ་འགྲེལ་བརྒྱབ་པ་དང་། དྲ་རྒྱའི་བདེ་འཇགས་འགོག་ཟོན་དང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ། དྲ་རྒྱའི་ཉེན་ཁ་ལས་གཡོལ་ཐབས་སོགས་སྤྱོད་གོ་ཆེ་བའི་ཤེས་བྱ་ཁྱབ་གདལ་ཞིབ་ཚགས་བཏང་ནས། སློབ་འབྲིང་ལོ་རིམ་དང་པོའི་སློབ་མ་400ལྷག་ཙམ་ལ་གནད་སྨིན་དངོས་སྒྲུབ་ཀྱི་དྲ་རྒྱའི་ཁྲིམས་སྐྱོང་ཡོངས་བསྒྲགས་སློབ་ཚན་ཞིག་འཚོགས་པ་རེད།