《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年11月20日

རང་ལྗོངས་ཀྱིས་ཁྲིམས་འཛིན་དཔྱད་འདོམས་ཀྱི་མི་སྣ་གསར་པར་ལས་སྒོའི་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཡུན་ནན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་བོད་སྐྱོར་རོགས་སྐྱོར་ཐོན་ཁུངས་ལ་བརྟེན་ནས། རང་སྐྱོང་ལྗོངས་ཁྲིམས་འཛིན་དཔྱད་འདོམས་མཐུན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་དུ་ཁྲིམས་འཛིན་དཔྱད་འདོམས་ཀྱི་མི་སྣ་གསར་པ་དང་དེ་བཞིན་ཁྲིམས་དཔྱད་སྨན་པའི་ནད་ཐོག་སྨན་བཅོས་སོགས་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་གཉེར་བར་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་དཔྱད་འདོམས་མི་སྣ་100ལྷག་ཙམ་ཞུགས་ཡོད།

ད་ཐེངས་ཀྱི་གསོ་སྦྱོང་ནི་ཡུན་ནན་དང་བོད་ལྗོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་གྱི་ཁ་གཏད་བོད་སྐྱོར་རོགས་ལས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། ཡུན་ནན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་གནད་སྨིན་འཐུས་ཚང་གི་དྲ་ཐོག་གསོ་སྦྱོང་ལས་སྟེགས་དང་། སྤུས་ལེགས་ཀྱི་སློབ་ཚན་ཐོན་ཁུངས། དགེ་རྒན་རྩེ་གྲ་བཅས་རིན་མེད་ངང་མཁོ་འདོན་བྱས་ཡོད།

གསོ་སྦྱོང་ཐོག་ཁྲིམས་འཛིན་དཔྱད་འདོམས་ལས་དོན་གྱི་གཙོ་གནད་དང་དཀའ་གནད་ལ་དམ་པོར་དམིགས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། ཁྲིམས་འཛིན་དཔྱད་འདོམས་ཀྱི་སྤུས་ཚད་དོ་དམ། མི་སྣ་གསར་པའི་འཇོན་ཐང་མཐོར་གཏོང་། ཁྲིམས་དཔྱད་སྨན་པའི་རིགས་ཀྱི་ཞིབ་ཕྲའི་ལས་ཀ་སོགས་ལྟེ་བའི་ནང་དོན་ལ་དམིགས་ཏེ། སློབ་ཚན་གྱི་ནང་དོན་ཞིབ་ཚགས་པ་དང་། གྱོད་དཔེ་གསོན་ཉམས་དོད་པ། དོན་དངོས་ཀྱི་བཀོལ་སྤྱོད་དང་འཚམ་པ་བཅས་ཡོད་པས། དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་སྟབས། སྤུས་ལེགས་ཀྱི་ཁྲིམས་འཛིན་དཔྱད་འདོམས་ཐོན་ཁུངས་ས་ཁོངས་བརྒལ་ནས་མཉམ་སྤྱོད་ཐུབ་པ་དང་། རང་ལྗོངས་ཀྱི་དཔྱད་འདོམས་མི་སྣ་གསར་པའི་མ་ལག་ཅན་གྱི་ལས་ཞུགས་སྔོན་གྱི་གསོ་སྦྱོང་གི་སྟོང་ཆ་ནུས་ལྡན་གསབ་ཡོད། དེ་ཐོག་ནས་རང་ལྗོངས་ཀྱི་ཁྲིམས་འཛིན་དཔྱད་འདོམས་ལས་རིགས་མ་ལག་ཅན་དང་ཆེད་ལས་ཅན་གྱི་སློབ་གསོའི་གསོ་སྦྱོང་ལམ་སྲོལ་དངོས་སུ་བཙུགས་པ་མཚོན་ཡོད། དེ་དང་ཆབས་ཅིག ལས་གཉེར་བྱ་སྤྱོད་ཚད་ལྡན་དུ་རྒྱུན་མཐུད་གཏོང་བ་དང་། ཁྲིམས་འཛིན་དཔྱད་འདོམས་ཀྱི་སྤུས་ཚད་ལ་ཚོད་འཛིན་ནན་པོ་བྱེད་པ། ལས་རིགས་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བ་བཅས་ལ་འགན་ལེན་བརྟན་པོ་བྱས་ཡོད།

(བསྟན་བཟང་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)