ཉེ་ཆར། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས“ལོ་ཆུང་བྱིས་པ་ཉེན་རྟོག་སྒར་སར་བསྐྱོད། བདེ་འཇགས་ཤེས་བྱ་བློ་ལ་བརྟན་པོར་ངེས”ཞེས་པའི་བརྗོད་དོན་གཙོ་བོའི་ཉེན་རྟོག་སྒར་ས་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་ནས། ཤང་སློབ་ཆུང་གི་དགེ་སློབ་ཉེན་རྟོག་སྒར་སར་གདན་དྲངས་ཐོག ཡུལ་མི་གནས་སྤོས་དོ་དམ་ཉེན་རྟོག་པའི་རྒྱུན་གཏན་གྱི་ལས་དོན་ལ་ཉེ་ས་ནས་མྱོང་ཚོར་ཐུབ་པར་བྱས་ཏེ། ཕྲུ་གུ་ཚོས་ཡུལ་མི་གནས་སྤོས་དོ་དམ་ཉེན་རྟོག་པའི་འགན་འཁྲི་དང་ལས་འགན་ཤེས་རྟོགས་ཐུབ་པར་བྱས་པ་མ་ཟད། དབྱིངས་ཞུགས་རྣམ་པའི་ཉམས་ལེན་བྱེད་རིང་ཁྲིམས་སྐྱོང་གི་འདུ་ཤེས་དང་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་རིམ་བཞིན་ཟབ་ཏུ་འགྲོ་བར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མངགས་གཏོང་ཁང་དེས་ལོ་མང་བསྟུད་མར་ཉེན་རྟོག་སྒར་ས་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་བ་དང་འབྲེལ་ཉེན་རྟོག་པ་དང་ས་གནས་དང་། ཉེན་རྟོག་པ་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་སློབ་གྲྭའི་ཁྲིམས་སྐྱོང་སློབ་གསོ་གཏིང་ཟབ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩི་གི་ཡོད་པ་རེད།