འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་31ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱིས་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་གྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། རིམ་རྩིས་བརྒྱབ་ན་ཡུལ་སྐོར་ཐོན་ཁུངས་ཁག་58450རྩད་ཆོད་ཡོད། དེའི་ནང་གསར་དུ་ཤེས་རྟོགས་དང་གཏན་འཁེལ་བྱས་པའི་ཡུལ་སྐོར་ཐོན་ཁུངས་ཁག་31751ཡོད་པ་དེས་བསྡོམས་འབོར་གྱི་54.32%ཟིན་ནས་ཐོན་ཁུངས་ཇི་ཙམ་ཡོད་པ་མཐིལ་རྟོགས་སྔར་བས་གསལ་པོ་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡོངས་བཤེར་ནི་བོད་ཀྱིས་གཅིག་གྱུར་གྱི་ཚད་གཞི་དང་། ས་ཁོངས་ཧྲིལ་པོར་ཁྱབ་པ། མ་ལག་ཚན་རིག་དང་མཐུན་པ་བཅས་ཀྱི་ཡུལ་སྐོར་ཐོན་ཁུངས་མཐིལ་རྟོགས་ལས་དོན་སྤེལ་ཐེངས་ཐོག་མ་དེ་རེད། 2023ལོའི་ཟླ་བརྒྱད་པར་ཡོངས་བཤེར་བྱེད་འགོ་ཚུགས་ཚུན། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) “རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་མཉམ་འགུལ་དང་སྡེ་ཚན་མང་པོས་མཉམ་དུ་འགག་སྒྲོལ་བྱེད་པའི”ལས་ཕྱོད་ཆེ་བའི་ལས་ཀའི་ལམ་སྲོལ་བཙུགས་ཤིང་། ཡུལ་སྐོར་ཐོན་ཁུངས་རྩད་གཅོད་བྱེད་པའི་ཡོངས་ཁྱབ་ཞིབ་བཤེར་ཚད་གཞིའི་རིགས་གཙོ་བོ་8དང་། རིགས་ཕལ་པ་22 གཞི་རྩའི་རིགས་118བཅས་ཡོད་པ་དེ་དག་ལས་ལྗོངས་ཡོངས་ཀྱི་ཐོན་ཁུངས་ཀྱི་གཞི་རྒྱ་ཆེ་བ་དང་། སྣ་ཁ་འཛོམས་པ། གྲུབ་ཆ་ཕུན་སུམ་ཚོགས་པ་བཅས་མངོན་ཡོད།
ཐོན་ཁུངས་གྲངས་འབོར་ཕྱོགས་ཡོངས་ནས་རྩད་གཅོད་བྱས་པའི་རྨང་གཞིའི་ཐོག་བོད་ཀྱིས་ཕུལ་བྱུང་རིམ་པའི་ཡུལ་སྐོར་ཐོན་ཁུངས་13518ལ་ཚན་རིག་དང་མཐུན་པའི་གདེང་འཇོག་བྱས་པར་རིམ་པ་ལྔ་པའི་ཡུལ་སྐོར་ཐོན་ཁུངས་944དང་། རིམ་པ་བཞི་པའི་ཡུལ་སྐོར་ཐོན་ཁུངས་2372 རིམ་པ་གསུམ་པའི་ཡུལ་སྐོར་ཐོན་ཁུངས་10202བཅས་ཡོད་པས་སྤུས་ལེགས་ཐོན་ཁུངས་ཀྱི་གཞི་གྲངས་སྔར་བས་ཁ་གསལ་བྱུང་ཡོད། རིགས་མི་འདྲ་བའི་གྲུབ་ཆ་ནས་བལྟས་ཚེ། ས་ཁམས་ཀྱི་མཛེས་ལྗོངས་དང་། ཆུ་ཁོངས་ཀྱི་མཛེས་ལྗོངས། འཛུགས་སྐྲུན་དང་སྒྲིག་བཀོད་སོགས་རིགས་གཙོ་བོའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ལེགས་ཆ་མངོན་གསལ་དོད་པའི་ཁར་རང་བྱུང་སྐྱེ་ཁམས་ཀྱི་མཛེས་ལྗོངས་དེ་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་དང་ཁྱད་ལྡན་དུས་སྟོན་སོགས་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་དང་ཕན་ཚུན་གཅིག་ལ་གཅིག་རྟེན་ངང་གནས་ཡོད་པ་རེད།