འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་10ཚེས་30ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲོས་མོལ་གླེང་སྟེགས་གཉེར་ཞིང་། གླེང་སྟེགས་ཐོག་རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ལ་དམིགས་ནས། གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་གནད་དང་དཀའ་གནད་ཤེས་རྟོགས་གཏིང་ཟབ་བྱས་ཏེ། མཉམ་དུ་དཀའ་ངལ་སེལ་ཐབས་གྲོས་བསྡུར་བྱས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ཀྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ས་མཐོའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དང་། སྲིད་ཇུས། ལྗོངས་བབ། བོད་སྐྱོར་བཅས་ཀྱི་ལེགས་ཆར་བརྟེན་ནས། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་གྱིས་བསྡུར་གཞི་ཡོད་པའི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བར་བྱེད་དགོས། སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་བཏོན་ཏེ། སྲིད་གཞུང་དང་ཁེ་ལས་མཉམ་འགུལ་དང་། ཨུ་ཡོན་གྱིས་ཐབས་ཇུས་འདོན་པ། རིགས་གཅིག་མཁས་ཅན་གྱིས་སྲིད་དོན་སྐྱོང་རོགས་བྱེད་པ་བཅས་ཀྱི་ཕྱོགས་བསྡུས་ཅན་གྱི་གྲོས་མོལ་ལས་སྟེགས་ཧུར་ཐག་བསྐྲུན་ཐོག ཐབས་འདོན་སྲིད་དོན་སྐྱོང་རོགས་གནད་སྨིན་བྱེད་པ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ། རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། (སྐལ་མཆོག་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)