འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2025ལོ་ནས་བཟུང་། བོད་ལྗོངས་དངུལ་ཁང་གིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས“གསལ་སྟོན་གསུམ་དང་། བསྡུར་བ་གསུམ། ཡིད་ཚིམ་པ་གསུམ”བཅས་ཀྱི་བྱ་སྤྱོད་སྤེལ་བ་དང་དངུལ་ཁང་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་དང་ལས་བཟོར་འགག་སྒྲོལ་བརྩོན་ལེན་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ། དངུལ་ཁང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་དང་ས་གནས་ཀྱི་དཔལ་འབྱོར་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་བྱས་པ་རེད།
ཐོབ་ཐང་གསལ་སྟོན་དང་། འགན་འཁྲི་གསལ་སྟོན། དམ་བཅའ་གསལ་སྟོན་བཅས་ཀྱི་བྱ་སྤྱོད་བརྒྱུད་ཏང་ཡོན་གྱི་འགན་སྒྲུབ་རྨང་གཞི་བརྟན་དུ་ཏན་ཏིག་བཏང་ཞིང་། དངུལ་ཁང་ཡོངས་ཀྱི་ལས་ཐོག་ཏང་ཡོན་གྱིས་ལས་གནས་དང་། ཏང་ནང་གི་བྱེད་སྒོ དང་བླངས་ཞབས་ཞུ་བཅས་ཀྱི་ཁྲོད་དུ་རང་འགུལ་ངང་ཐོབ་ཐང་གསལ་སྟོན་དང་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཏང་ཡོན་དཔེ་སྟོན་ལས་གནས་120བཙུགས་པ་དང་འབྲེལ་ཚོམས་ཆེན་གྱི་མངོན་གསལ་དོད་ས་དང་ཚོང་སྒྲོམ་དང་སྐར་ཁུང་དུ་བྱང་བུ་བཀལ་ནས་ཡོངས་བསྒྲགས་བྱས་པ་དང་། དངུལ་ཁང་ཡོངས་ཀྱི་ཏང་ཡོན་གྱིས་རང་སོ་སོའི་ལས་གནས་དང་ཟུང་འབྲེལ་བྱས་ནས་འགན་འཁྲི་ཁག་257གསེད་བཀྲོལ་བྱས་ཏེ་རང་རྟོགས་ངང་འགན་འཁྲི་དང་ལས་འགན་སྒྲུབ་པའི་བྱ་སྤྱོད་ལ་བསྒྱུར་བ། སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་དང་ཕུགས་ཕན་གྱི་བླང་བྱ་དང་ལས་རྗེས་ཀྱི་དམིགས་ཚད་ལ་དམིགས་ནས། དངུལ་ཁང་ཡོངས་ཀྱི་ཏང་ཡོན་གྱིས་ཁས་ལེན་ཁག་420ཡོངས་བསྒྲགས་བྱས་པས་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་འཕེལ་ཡོད།
ལས་རྗེས་བསྡུར་བ་དང་། རྩལ་ནུས་བསྡུར་བ། སྤྱོད་ཚུལ་དང་བྱ་སྤྱོད་བསྡུར་བ་བཅས་བརྒྱུད་ནུས་ཆེ་ཕན་འཕར་བྱུང་ནས་དངོས་སྒྲུབ་འགན་འཁུར་གྱི་དཔུང་ཁག་ཅིག་བཏོད་ཅིང་། ལས་བཟོར་ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར་ལེན་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་པར་སྔ་རྗེས་སུ་མི་207ལ་དཔལ་འབྱོར་དངུལ་རྩ་དང་ནོར་དོན་རྩིས་གཉེར་སོགས་ཀྱི་འབྲེལ་ཡོད་ཐོབ་ཐང་རག་པ་དང་། ལས་རྗེས་ཚད་འབེབས་ཀྱི་དཔྱད་ཞིབ་ལག་བསྟར་བྱས་པ་དང་། དུས་བཀག་ལྟར་ལས་རིམ་ཁག་གི་ལས་སྒོ་ལེགས་སྒྲུབ་ཀྱི་འཕེལ་རིམ་དང་མིང་གྲལ་བརྡ་ཁྱབ་གཏོང་བ། ལས་རྗེས་བསྡུར་བ་བརྒྱུད་ལས་སྒོའི་སྤུས་འབྲས་ལེགས་གཉེར་ཡོང་བར་ལྡོག་སྐུལ་བཅས་བྱས་པ། གཟུགས་གཞི་སྦྱོང་བརྡར་བྱས་ནས་འཇོན་ཐང་ཆེ་རུ་གཏོང་བ་དང་འགྲན་བསྡུར་བྱས་ནས་སློབ་སྦྱོང་ལ་སྐུལ་འདེད་དང་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ། དུས་བཀག་ལྟར“ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འཆད་སྟེགས”དང“དངུལ་ཁང་གི་ལས་སྒོའི་གླེང་མོལ་ཆེ་མོ”སོགས་ཀྱི་བྱེད་སྒོ་སྤེལ་ནས་ལས་སྒོ་ཕན་ཚུན་སློབ་སྦྱོང་དང་རོགས་རམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། དེ་དང་ཆབས་ཅིག“མིང་གྲལ་དམར་ནག”གི་ལམ་སྲོལ་བཙུགས་ཏེ་ནུས་ཤུགས་ཡོད་རྒུས“དགོས་པའི་ལས་མི་བྱེད་པ་དང་། ལས་དུས་འགྱང་བ། མི་དགོས་ལས་རྙོག་བཟོ་བ། སྒྲིག་ཁྲིམས་ལྷུག་པ”བཅས་ཀྱི་སྣང་ཚུལ་བཅོས་སྒྲིག་བྱས་ནས་མི་20ལྷག་ཙམ་ལ་སྐོང་འདྲི་དྲན་སྐུལ་བྱས་པ་དང་ལས་བྱེད་པ་2ལ་ལས་གནས་ལེགས་སྒྲིག་བྱས་པ་རེད།
ལས་བཟོ་བློ་ཡིད་ཚིམ་པ་དང་། མཁོ་མཁན་བློ་ཡིད་ཚིམ་པ། ལྟ་འདོམས་བློ་ཡིད་ཚིམ་པ་བཅས་ཀྱི་བྱ་སྤྱོད་བརྒྱུད་ལས་ཀའི་ཕན་འབྲས་ལ་ཞིབ་དཔྱད་བྱས་ཏེ་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཞིང་། “དམངས་ཀྱི་འབོད་སྒྲ་ངས་དང་ལེན་བྱེད་པའི”ལས་སྟེགས་ལ་བརྟེན་ནས་ལས་བཟོའི་འབོད་སྒྲ་ཉན་པ་དང་། ལས་མིའི་དགོས་མཁོ་ཤེས་རྟོགས་བྱེད་པ། ལས་བཟོའི་བསམ་འཆར་དང་གྲོས་འགོ་ཁག་11སྒྲུབ་པ་བཅས་བྱས་པས་ཁས་ལེན་བྱེད་ཚད་མཐོ་རུ་རྒྱུན་མཐུད་ཕྱིན་ཡོད། དངུལ་ཁང་ཡོངས་ལ་ཕྱོགས་ནས་མཁོ་མཁན་གྱི་བློ་ཡིད་ཚིམ་ཚད་ཀྱི་ཚད་ལེན་ཚོད་ལྟའི་རེའུ་མིག་580ལྷག་ཙམ་སྟབས་བསྟུན་སྤྲད་པར་བློ་ཡིད་ཚིམ་ཚད་99.5%ཟིན་ཡོད།