ཉེ་ཆར། 2026ལོའི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གི་སྐུ་ལྷ་མཁའ་རི་རིག་གནས་ཡུལ་སྐོར་དུས་ཆེན་གཏོང་འགོ་ཚུགས་པ་རེད། “ལྷ་སའི་མལ་གྲོ ལྷོ་ཁའི་ལྷོ་བྲག”ཅེས་པའི་ཏང་འཛུགས་སྐྱོང་གི་མཉམ་འཛུགས་མཉམ་སྐྲུན་ལམ་སྲོལ་ལ་བརྟེན་ནས་མལ་གྲོ་གུང་དཀར་རྫོང་གི་འཐུས་མི་ཚོགས་པས་ལྷོ་བྲག་རྫོང་དུ་བསྐྱོད་དེ་དུས་ཆེན་དང་ཚོགས་འདུའི་བྱེད་སྒོ་ཁག་ནང་ཞུགས་ཤིང་། བྱེད་སྒོའི་ཐོག་རིག་གནས་ཡུལ་སྐོར་སྦྲེལ་ཐག་དང་དམངས་འཚོ་དམ་འཛིན་བྱ་གཞིར་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོང་དང་། རིག་རྩལ་སྤེལ་རེས། དམངས་ཕན་ཞབས་ཞུ། བཅར་འདྲི་འཚམས་འདྲི། ལྟ་སྦྱོང་སློབ་སྦྱོང་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་ས་གནས་གཉིས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་མཐའ་སྲུང་མཐའ་བརྟན་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལེའུ་གསར་བརྩམས་ཡོད།
འདི་ནི་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་སྨན་དོན་པས་ལ་རྒྱབ་ཤང་བདེ་མ་ལུང་གྲོང་ཚོའི་ཡུལ་མིར་ཁྲག་ཤེད་ལྟ་བཞིན་པ།