འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་སྦྲག་སྲིད་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་འགྲེམས་ཚོང་གི་སྦྲེལ་མཐུད་བྱེད་སྒོ་སྐབས་གཉིས་པ་ཉིང་ཁྲི་གྲོང་ཁྱེར་དུ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ཀྲུང་གོ་སྦྲག་སྲིད(ཨན་ཧུའེ)དྲ་རྒྱའི་ལག་རྩལ་ཚད་ཡོད་ཀུང་སིས་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་ཉིང་ཁྲི་གྲོང་ཁྱེར་ཡན་ལག་ཀུང་སི་དང་ངོ་འཕྲད་གྲོས་མོལ་བྱས་ནས་གན་རྒྱ་བཞག་པ་དང་། ཞིང་ཆེན་22ཀྱི་སྦྲག་སྲིད་ཀུང་སིས་ས་ཡུལ་དངོས་སུ་བོད་ཀྱི་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་པའི་འདོད་མཐུན་གྲོས་ཡིག་བཞག་པར་རིམ་རྩིས་བརྒྱབ་ན་གན་འཇོག་མ་དངུལ་སྒོར་ཁྲི་2910ཟིན་ཡོད་པ་རེད། དེ་དང་ཆབས་ཅིག བྱེད་སྒོའི་ཐོག་རིམ་རྩིས་བརྒྱབ་ན་ས་མཐོའི་གྲགས་ཅན་དང་སྤུས་ལེགས་ཐོན་རྫས་རིགས་360ལྷག་ཙམ་འགྲེམས་ཚོང་བྱས་ཡོད། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སིས(གཤམ་དུ“བོད་ལྗོངས་སྦྲག་སྲིད”ཅེས་བསྡུ་རྒྱུ)བྱེད་སྒོའི་རིང་གི་འགྲེམས་ཚོང་ཐོན་རྫས་སྐྱེལ་འདྲེན་གྱི་ཁ་གསབ་སྒོར་ཁྲི་10སྤྲད་ཡོད་པ་རེད།
གྲངས་གཞི་ལས་མངོན་པར་གཞིགས་ན། བོད་ལྗོངས་སྦྲག་སྲིད་ཀྱི“བོད་ཟོག་བོད་ནས་ཐོན་པའི”རྣམ་གྲངས་ཀྱི་ཕྱིར་ཚོང་བསྡོམས་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1.6ལྷག་ཟིན་པ་དང་ས་གནས་ཀྱི་ཁེ་ལས་100ལྷག་ལ་ཞབས་འདེགས་ཞུས་ཡོད་པ་རེད།
(དམ་ཆོས་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)