《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月31日

བོད་ཀྱི་འཁྲབ་ཚན་ཐུང་ངུའི་འགྲན་བསྡུར་ཆེན་པོ་སྐབས་གཉིས་པའི་ཕུལ་བྱུང་བརྩམས་ཆོས་ཡོངས་བསྒྲགས་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དྲ་རྒྱའི་ལྟ་ཉན་ལེ་ཚན་དོ་དམ་སི་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་མཛུབ་ཁྲིད་དང་། བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་གཙོ་གཉེར་བྱས་པའི“དུས་རབས་གསར་པའི་བོད་ཀྱི་ལེའུ་གསར་པ”ཞེས་པའི་བོད་ཀྱི་འཁྲབ་ཚན་ཐུང་ངུའི་འགྲན་བསྡུར་ཆེན་པོ་སྐབས་གཉིས་པའི་ཕུལ་བྱུང་བརྩམས་ཆོས་ཡོངས་བསྒྲགས་ཀྱི་མཛད་སྒོ་ལྷ་སར་འཚོགས་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོ་དེ་ནི་2026ལོའི་ཟླ་བཞི་པར་ཀྲུང་གོའི་དྲ་རྒྱའི་བརྙན་ལམ་ཚོགས་ཆེན་གྱི་འཁྲབ་ཚན་ཐུང་ངུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་སྐབས་བཅུ་གསུམ་པའི་ཐོག་དངོས་སུ་འགོ་ཚུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ“དུས་རབས་ཀྱི་འོད་ཟེར། མཐུན་སྒྲིལ་གྱི་གླུ་དབྱངས། མི་ཆོས་རིག་གནས་ཀྱི་མཛེས་སྡུག”བཅས་ཕྱོགས་ཆེན་པོ་གསུམ་ལ་དམིགས་ནས་རྒྱལ་ཡོངས་སུ་བརྩམས་ཆོས་བསྡུ་རུབ་བྱས་པར་འགྲན་ཞུགས་བརྩམས་ཆོས་280འབྱོར་བ་དེ་སྐབས་དང་པོ་ལས་63.74%མང་དུ་ཕྱིན་ཡོད། དཔྱད་ཞིབ་ཨུ་ལྷན་གྱིས་དཔྱད་འདེམས་ནན་པོ་བྱས་མཐར་ཕུལ་བྱུང་བརྩམས་ཆོས་50འབུར་དུ་ཐོན་ནས་དེ་དག་ལ་འཁྲབ་ཚན་ཐུང་གྲས་དང་། འཁྲབ་གཞུང་ཐུང་གྲས། བརྙན་ལམ་ཐུང་གྲས་བཅས་ཁག་གསུམ་གྱི་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་དེ་བཞིན་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་ཡོད།

ཡོངས་བསྒྲགས་མཛད་སྒོའི་ཐོག《ཁམ་བུའི་མེ་ཏོག་རབ་ཏུ་བཞད་སར་བསྐྱོད་པ》(ཁག་གཉིས་པ)དང་། 《ལྷ་སའི་རོགས་ཟླ》 《གནམ་མཐའི་མལ་གྲོ་སྟེ། མངོན་མིན་རིག་གནས་ཤུལ་བཞག་དག་པའི་རྫ་ཆས》བཅས་བརྩམས་ཆོས་གསུམ་གྱི་གསར་རྩོམ་མཁན་འཐུས་མི་སོ་སོས་རང་ངོས་ཀྱི་གསར་རྩོམ་བརྒྱུད་རིམ་དང་མྱོང་ཚོར་མཉམ་སྤྱོད་བྱས་ནས་གསར་རྩོམ་མཁན་གྱིས་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་དང་། ས་ཁོངས་རིག་གནས་ཀྱི་ནང་དོན་སྔོག་འདོན། བརྩམས་ཆོས་རྩེ་གྲའི་ལྟ་ཉན་ནང་དོན་སྤུས་དག་བཟོ་བ་བཅས་ཀྱི་གསར་རྩོམ་གྱི་བརྒྱུད་རིམ་བཤད་ཡོད།