《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月10日

རིག་གནས་གར་སྟེགས་ཆེན་མོ་རུ། དཔལ་འབྱོར་ཚོང་དོན་འཁྲུག་ཆ་དོད།

པར་འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི“ཐང་སྟོང་བུམ་པ”སྐབས་དྲུག་པའི་ལྷ་མོའི་འགྲན་བསྡུར་ཆེན་མོ་བྱ་ཡུལ་ཡིན་པ།

པར་འདི་ནི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གཉའ་ཐག་འགྲན་བཞིན་པ།

པར་འདི་ནི་ཨེ་ཤེ་ཡ་ལྷོ་མའི་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ས་ཡུལ་དངོས་ལ་ཀྲུང་ནེའི་ཁེ་ལས་ཀྱིས་ངོ་འཕྲད་གྲོས་མོལ་བྱེད་བཞིན་པ།

པར་འདི་ནི“ཇོ་མོ་གླང་མའི་བྲོ་གར”གྱི་ཞབས་བྲོའི་འགྲན་བསྡུར་ཆེན་མོ་བྱ་ཡུལ་ཡིན་པ།

ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་རིང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་འཁྲབ་ལ་ལྟ་བ་དང་། ཁྱད་ལྡན་ཐོན་རྫས་འགྲེམས་ཁང་ལ་ལྟ་སྐོར། མཉམ་ལས་ཀྱི་མཛའ་གཅུགས་གླེང་བ་བཅས་བྱས་ཏེ་རི་ཀླུང་གི་བཀག་རྒྱ་ལས་གྲོལ་ནས་ཇོ་མོ་གླང་མའི་འདབས་རོལ་དུ་དགའ་འཛོམས་ཀྱི་དུས་ཆེན་ཞིག་བཏང་བ་རེད།

ཉིན་ཤས་བསྟུད་མར་འགྲེམས་སྟོན་འགྲེམས་འཁྲབ་དང་། ཁྱད་ལྡན་ཐོན་རྫས་འོས་སྦྱོར། རིག་རྩལ་འགྲན་བསྡུར་སོགས་རིག་གནས་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་སྤེལ་བས་ལྗོངས་ཕྱི་ནང་གི་སྐུ་མགྲོན་ཚོས་གཞིས་རྩེའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ངོ་མཚར་ཉམས་ལེན་ཐུབ་ཡོད།