ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་དཀར་མཆོག་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་སྔོན་ཆད་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཤིག་ཡིན་པ་དང་། ད་ཆ་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་སུ་གྱུར་ཡོད།
ཀུང་སིས་ཁྲ་ཝོ་ལའི་འབྲི་གཡག་གི་ཁྱད་ལྡན་རྒྱུད་པའི་ཐོན་ཁུངས་ལ་གཞི་ཚུགས་ནས། མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་ལས་སྣོན་ལག་རྩལ་སྔོག་འདོན་གཏིང་ཟབ་བྱས་ཏེ། ཚད་ལྡན་ཅན་གྱི་དཀར་ཆུའི་ཐོན་རྫས་དང་ཤའི་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི་ཁེ་ཕན་འབྲེལ་མཐུད་བྱེད་སྟངས་བཏོད་དེ་ཡུལ་དེ་གའི་མང་ཚོགས་ལས་ཞུགས་ཐུབ་པ་དང་ས་མཐོའི་འབྲོག་ལས་ཐོན་རྫས་ཀྱི་དྲ་ཐོག་དང་དྲ་ཕྱིའི་སྣ་མང་ཕྱིར་འཚོང་ཐབས་ལམ་བཏོད་ཅིང་། ས་མཐོའི་སྐྱེ་ཁམས་འབྲོག་ལས་ཐོན་ཁུངས་བརྒྱུད་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ་དང་། རྫོང་ཁོངས་ཀྱི་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པས། སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། འབྲོག་པར་འབབ་འཕར་བཅས་ཀྱི་འཁོར་རྒྱུག་བཟང་པོ་མངོན་འགྱུར་བྱུང་ཡོད།