འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་གཉིས་པ་སྟེ་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་གླེང་སྟེགས་དེ་ཟླ་10ཚེས་9དང་ཚེས་10ཉིན་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་བ་རེད།
སྐབས་འདིའི་གླེང་སྟེགས་ཀྱིས“ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་དང་། གནོད་མེད་ནུས་རྒྱུས་འཕེལ་རྒྱས་ལ་སྐུལ—རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ལ་རིག་ལྡན་གྱིས་སྣེ་ཁྲིད་བྱེད་པ”བརྗོད་དོན་གཙོ་བོར་བྱས་ནས། རྩེར་སོན་ཅན་དང་། ཆེད་ལས་ཅན། སྣ་མང་ཅན་བཅས་ཀྱི་རིག་གཞུང་སྤེལ་རེས་དང་ལག་ལེན་མཉམ་ལས་ཀྱི་ལས་སྟེགས་ཤིག་གཏོད་རྒྱུ་རེད།
གླེང་སྟེགས་ནང“ཚན་རིག་དང་མཐུན་པའི་སྒོ་ནས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་བཅག་སྟེ་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བ་དང་། ཚན་རྩལ་གྱིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལ་འདེགས་སྐྱོར་བྱས་ནས་ས་མཐོའི་གནས་འཕྲོད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི”ལྟེ་བའི་གླེང་སྟེགས་གཙོ་བོ་དང་། དེ་བཞིན“ལག་གདང་སྦྲེལ་ནས་མཉམ་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ”དང་། “མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི”ཁྱད་ཆོས་ལྡན་པའི་ཡན་ལག་གླེང་སྟེགས་ཆེན་པོ་གཉིས་བཀོད་སྒྲིག་བྱས་ཏེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་། མཐུན་སྦྱོར་མཉམ་སྐུལ། བདེ་འཇགས་སྲུང་སྐྱོང་བཅས་ཕྱོགས་གསུམ་གྱི་ཐོག་ནས་ཕྱོགས་མང་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་རྣམ་པ་གསར་པ་རྒྱ་ཆེར་བཏང་ནས། སྐྱེ་ཁམས་སྲུང་སྐྱོང་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་གནས་འཕྲོད་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་རྐྱང་ཞིག་འཚོལ་ཞིབ་བྱ་རྒྱུ་རེད།