《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月18日

འོས་འགན་སྨན་བཅོས་བྱས་ནས་རྒན་རྒོན་གྱི་སེམས་པ་དྲོ་བར་བྱས།

ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་། གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས། གྲོང་ཁྱེར་མི་དམངས་སྨན་ཁང་། སྨན་རྩིས་ཁང་བཅས་ཀྱིས་མཉམ་དུ“མི་རིགས་མཐུན་སྒྲིལ་གྱིས་མཉམ་ཤུགས་གཅིག་ཏུ་བསྒྲིལ། འོས་འགན་སྨན་བཅོས་ཀྱིས་རྒན་རྒོན་སེམས་པ་དྲོས”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། གཅིག་སྡུད་འོས་འགན་སྨན་བཅོས་དང་སྒོ་རྩར་སྐོར་སྐྱོད་སྨན་བཅོས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད། གྲོང་ཁུལ་གྱི་ལས་བྱེད་པ་རྒན་གྲས་ལ་སེམས་རྩ་འཁོལ་པོས་བདེ་ཐང་ཞབས་འདེགས་ཞུས་པ་རེད།འདི་ནི་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱིས་བང་བསྒྲིགས་ནས་བརྟག་དཔྱད་བྱེད་བཞིན་པ།