འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་དུས་ཐེངས་ཉེར་གསུམ་པའི“ཧི་མ་ལ་ཡའི་སྤྱི་ཚོགས་ཚན་རིག་སློབ་ཁང་ཆེ་མོ”ལྷ་སར་གཉེར་ཞིང་། ད་ཐེངས་ཀྱི་སློབ་ཁང་ཆེ་མོར་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ“མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ”བརྗོད་དོན་གཙོ་བོར་བྱས་པ་དང་། བོད་ལྗོངས་སློབ་ཆེན་སློབ་དོན་ཨུ་ལྷན་གྱི་ཨུ་ཡོན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ། འབུམ་རམས་པའི་མཛུབ་ཁྲིད་དགེ་རྒན་བཅས་ཡིན་པའི་ཟླ་བ་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།