འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་པེ་ཅིང་གི་བོད་སྐྱོར་སྨན་བཅོས་གྲུབ་འབྲས་2026ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་སུ་ཐོག་མར་བཏོན་པ་རེད། བདེ་ཐང་འཕྲོད་བསྟེན་ཞབས་ཞུའི་སྐོར་གྱི“རྒྱལ་སའི་གསོ་རིག་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཞན་སྒྱུར་ལེགས་སྐུལ་འཆར་གཞིའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”བྱ་ཡུལ་དུ་ཅིང་ལྷ་འབྲི་མོག་བཞི་སྦྱོར་དང་། ལ་དུག་འགོག་བྱེད་ཀྱི་བཏུང་བྱ། 《ས་མཐོའི་གཞི་རིམ་སྨན་པའི་ནད་ཐོག་སྨན་བཅོས་ཀྱི་ངེས་ཀློག་དཔེ་དེབ—པེ་ཅིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དཔེ་མཚོན་ནད་དཔེ》བཅས་གྲུབ་འབྲས་ཆེན་པོ་གསུམ་གཅིག་སྡུད་ཐོག་བཏོན་ཞིང་། སྨན་རྫས་ཞིབ་འཇུག་གསར་སྤེལ་ནས་ཤེས་བྱ་རྒྱུན་འཛིན་དང་རྒྱུན་གཏན་གྱི་བདེ་སྲུང་བར་ཟུར་ཚད་མི་འདྲ་བའི་ཐོག་ནས་པེ་ཅིང་གི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱི་ལོ་མང་རིང་གི་གཡུར་ཟའི་གྲུབ་འབྲས་ལ་ལྟད་མོ་བ་མང་པོའི་ཤེས་རྟོགས་དང་། བློ་འདྲི། སྤེལ་རེས་བཅས་བྱེད་པའི་ཡིད་དབང་བཀུག་ཡོད།
2015ལོར་པེ་ཅིང་གྲོང་ཁྱེར་གྱིས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། པེ་ཅིང་གི་སྨན་བཅོས་རིགས་གཅིག་མཁས་ཅན་མང་དག་ཅིག་གངས་ལྗོངས་ས་མཐོར་ཡོང་ནས་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་དོ་དམ་འདུ་ཤེས་ལྷ་སར་ཁྱབ་གདལ་བཏང་བ་དང་ཆབས་ཅིག བོད་ལུགས་གསོ་རིག་གི་ཉིང་བཅུད་སྔོག་འདོན་གཏིང་ཟབ་བྱས་ནས་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ད་ཐེངས་ཞབས་ཞུའི་ཚོང་འདུས་སུ་འགྲེམས་སྟོན་བྱེད་པ་ནི་པེ་ཅིང་གི་བོད་སྐྱོར་སྨན་བཅོས་གྲུབ་འབྲས་ཡིན་ལ། པེ་ཅིང་དང་བོད་ལྗོངས་ས་གནས་གཉིས་ཀྱི་སྨན་བཅོས་མཉམ་ལས་ཀྱི་ལེའུ་གསར་པའི་འགོ་བརྩམས་པ་ཞིག་ཀྱང་ཡིན་པ་རེད།