《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

ལྷ་ས་ནས་ཟངས་རི་རྫོང་བར་གྱི་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་ཤར་གཏོང་ཐུབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཟླ་9ཚེས་12ཉིན། ལྷ་ས་ནས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་བར་གྱི་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་ཤར་གཏོང་ཐུབ་ཅིང་། འགྲུལ་སྐྱེལ་རླངས་འཁོར་འཁོར་ཐེངས་དང་པོ་ལྷ་སའི་གནས་ཚང་གསོལ་མགྲོན་ཁང་ནས་ཐོན་ཏེ་ལྷ་སའི་ཡུལ་སྐོར་ལམ་ཐིག་བརྒྱུད་ཟངས་རི་རྫོང་གཟི་བྱིན་བླ་མཚོར་བསྐྱོད་པ་རེད།

ཆེད་སྤྱོད་ལམ་ཐིག་དེའི་ཚོད་ལྟའི་འཁོར་སྐྱོད་དུས་ཚོད་ནི་ཟླ་9ཚེས་12ཉིན་ནས་ཟླ་10ཚེས་15ཉིན་བར་ཡིན་པ་དང་། ཉིན་རེའི་ཆུ་ཚོད་8:30ལྷ་ས་གྲྭ་བཞི་དགོན་ནས་ཐོན་ཏེ། གཟི་བྱིན་བླ་མཚོ་དང་། ཀུན་བདེ་གླིང་རྩྭ་ཐང་། འོལ་ཁ་ཆུ་ཚན། ཕག་གྲུ་ཨ་རག་གཞིས་ཀ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྐྱོད་རྗེས་ལྷ་ས་གྲྭ་བཞི་དགོན་དུ་ཕྱིར་ལོག་གི་ཡོད། ཚོད་ལྟའི་འཁོར་སྐྱོད་བྱེད་རིང་། ཡུལ་སྐོར་བས་རིན་མེད་ངང་ཆེད་སྤྱོད་རླངས་འཁོར་ལ་བསྡད་དེ། ཉིན་གཅིག་ནང་ཚུན་དུ་རི་མཚོ་དང་། རྩྭ་ཐང་། གངས་རི་ཆུ་ཚན། ས་མཐོའི་ཨ་རག་གཞིས་ཀ་བཅས་ལ་ལྟ་སྐོར་བྱེད་ཆོག་ལ། ཟངས་རི་རྫོང་དུ་ཞག་སྡོད་བྱས་ཏེ་ཉིན་གཉིས་པར་ཕྱིར་ལོག་བྱས་ནའང་ཆོག་གི་ཡོད།

(ཕུར་སྒྲོན་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)