《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

བོད་ལྗོངས་པར་ཁང་ལྷ་སར་སྒོ་བྱང་བཀལ་ནས་བཙུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་12ཉིན་བོད་ལྗོངས་པར་ཁང་ལྷ་སར་སྒོ་བྱང་བཀལ་ནས་བཙུགས་པ་རེད། མིག་སྔར། པར་ཁང་གིས་མི་སྒེར་གྱི་ཚོགས་མི་76དང་ཚན་པའི་ཚོགས་མི་3འཕེལ་རྒྱས་བཏང་བ་དེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ལ་ཁྱབ་ཡོད་པ་རེད། པར་ཁང་བཙུགས་པའི་ཚོགས་ཆེན་ཐོག ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ནས་ཡོང་བའི་ཚོགས་མིའི་འཐུས་མི་60ཡིས་མིང་མི་འགོད་པའི་འདེམས་ཤོག་འཕེན་སྟངས་སྤྱད་དེ་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་བདམས་ཐོན་བྱས་པ་རེད།

“པར་བརྐོས་གངས་ལྗོངས།——ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ལྗོངས་པར་ཁང་བཙུགས་པའི་ཡིག་བརྐོས་འགྲེམས་སྟོན”དུས་གཅིག་ཏུ་བོད་ལྗོངས་མཛེས་རྩལ་ཁང་དུ་འགོ་ཚུགས་པ་རེད། འགྲེམས་སྟོན་ཐོག་བརྩམས་ཆོས་100ལྷག་ཙམ་འགྲེམས་སྟོན་བྱས་པའི་ནང་བསམ་བློའི་ཁྲིད་སྟོན་དང་། གསར་བརྗེའི་བརྗོད་དོན་གཙོ་བོ། གངས་ལྗོངས་ཀྱི་བརྗིད་ཆེའི་ལེའུ། རིག་གནས་རྒྱུན་འཛིན། བཀྲ་ཤིས་སྨོན་འདུན་བཅས་རིགས་ལྔ་ཚུད་ཡོད་པ་རེད།