《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》གི་ཆེད་དོན་ཁྲིམས་ལུགས་ཁྱབ་གདལ་གྱི་གསོ་སྦྱོང་ལྷ་སར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཟླ་9ཚེས་12ཉིན། བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐོན་ལས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་རོགས་གཉེར་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》གི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་གྱི་གསོ་སྦྱོང་ལྷ་སར་བྱས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་སྐྱེ་ཁམས་ཁོར་ཡུག་པུའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་རིགས་གཅིག་མཁས་ཅན། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ལས་སྒོ་ཁྲུའི་འགན་འཁུར་བ་སོགས་གདན་དྲངས་ནས་ས་ཡུལ་དངོས་སུ་སློབ་ཁྲིད་བྱས་ཏེ་ཁྲིམས་གཞུང་གི་དངོས་དོན་བཀོལ་སྤྱོད་དང་། སྲིད་འཛིན་ཁྲིམས་སྒྱུར་གྱི་གཙོ་གནད། ལྟ་ཞིབ་དག་ཐེར་གྱི་བླང་བྱ། སྙིགས་རོའི་ཁོར་ཡུག་དོ་དམ། ཁེ་ལས་ཀྱི་ཁོར་ཡུག་ཉེན་ཁ་སྔོན་འགོག་དང་ཚོད་འཛིན། དཔེ་མཚོན་ཁྲིམས་འགལ་གྱོད་དཔེ་དབྱེ་ཞིབ་སོགས་ཀྱི་གཙོ་གནད་ནང་དོན་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་བརྒྱབ་ཡོད། རིགས་གཅིག་མཁས་ཅན་གྱིས་ཕན་ཚུན་ལན་འདེབས་པའི་ལྷུ་ཚིགས་དུས་གཅིག་ཏུ་བཀོད་སྒྲིག་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཁྲོད་འཕྲད་པའི་ཁོར་ཡུག་སྲུང་སྐྱོང་གི་དཀའ་གནད་དངོས་ལ་ས་གནས་ས་ཐོག་ཏུ་ལན་བརྒྱབ་ཡོད། གསོ་སྦྱོང་བྱེད་སྐབས་ཡིག་རྒྱུགས་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་རྒྱུགས་ལེན་གྱི་ལྷུ་ཚིགས་བརྒྱུད་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱས་ནས་གསོ་སྦྱོང་ནང་ཞུགས་མཁན་གྱིས་ཁྲིམས་གཞུང་གི་དགོངས་དོན་གྱི་དོན་སྙིང་ལ་དངོས་འབྲེལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་སྐུལ་འདེད་བཏང་ཡོད།