《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月02日

ལྷ་ས་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས།

ལྗོངས་ཕྱིའི་ཞབས་ཞུའི་ཡུག་ཁུལ་དུ་ལོ་འཁོར་གྱི་དཔྱད་ཞིབ་བྱེད་པར་བསྐྱོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་ཆེད་དོན་དཔྱད་ཞིབ་ལས་དོན་ཚོགས་ཆུང་བཙུགས་ཏེ། ནན་ཁྲུང་དང་། ཀའོ་ཤིན། ཝུའུ་ཧོའུ། མེ་ཧྲན་སོགས་ཞབས་ཞུའི་ཡུག་ཁུལ་དུ་ལོ་འཁོར་གྱི་དཔྱད་ཞིབ་བྱེད་པར་བསྐྱོད་པ་རེད།

དཔྱད་ཞིབ་ལ་བདེན་པ་བདེན་ཐུབ་དང་ལུགས་མཐུན་དྲང་གཞག་མཐའ་འཁྱོངས་ཀྱིས། ལས་གནས་ཀྱི་འགན་འཁྲི་དང་ཞབས་ཞུའི་ཚད་གཞིར་དམ་པོར་དམིགས་ཏེ། “ཉན་བཤེར་བལྟ་གླེང་དཔྱད་ལྔ”ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ། ཡུག་ཁུལ་ཁག་གི་ལོ་འཁོར་གྱི་ལས་དོན་དོན་འཁྱོལ་གནས་ཚུལ་ལ་བརྒྱུད་རིམ་ལྡན་པའི་དཔྱད་ཞིབ་བྱས་པ་རེད། ལས་དོན་ཚོགས་ཆུང་གིས་ཡུག་ཁུལ་ཁག་གིས་འགན་སྲུང་ཞིབ་ཚགས་ཅན་དང་འབྲེལ་གཏུག་རྒྱུན་རྣམ་ཅན་སོགས་ཐད་ཀྱི་གྲུབ་འབྲས་དང་བཀྲག་མདངས་འཚེར་སར་ཁས་ལེན་བྱས་པ་མ་ཟད། གྲི་དངོ་རང་གཏད་མཐའ་འཁྱོངས་ཀྱིས་རྩིས་ཁྲ་ཚད་ལྡན་མེད་པ་དང་། ཞབས་འདེགས་ཞུ་ཐབས་ཞིབ་ཚགས་པོ་མེད་པ། སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་པོ་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་བཤེར་འདོན་ནན་པོ་བྱས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་ལན་སྤྲོད་དང་དག་ཐེར་གྱི་བླང་བྱ་ཁ་གསལ་བཏོན་ནས། རྩིས་ཁྲ་བཟོ་བ་དང་ཐོ་སུབ་དོ་དམ་ལ་མཛུབ་ཁྲིད་བྱས་པ་རེད།

(ཕུར་སྒྲོན་གྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)