ཀན་སུའུ་ནས་ཀྲེ་ཅང་བར་གྱི་ཆེས་མཐོ་གནོན་ལས་གྲྭ་ནི་རྒྱལ་ཁབ་ཀྱི་གློག་ཤུགས་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་ཞིང་། དེ་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་ནས་འགོ་ཚུགས་པ་དང་ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་གྲོང་ཁྱེར་ནས་མཇུག་བསྡུ་གི་ཡོད་པར། རིང་ཚད་སྤྱི་ལེ་2370ཟིན་པ་དང་། སྤྱོད་འགོ་ཚུགས་རྗེས་ལོ་ལྟར་ཀྲེ་ཅང་ལ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་360ལྷག་ཙམ་འདྲེན་ཐུབ་རྒྱུ་རེད།
འདི་ནི་ཀན་སུའུ་ནས་ཀྲེ་ཅང་བར་གྱི་±800ཆན་ཧྥུའུ་ཡི་ཆེས་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གྲྭའི་འབྲི་ཆུ་བརྒལ་བའི་བྱང་ངོགས་གློག་འདྲེན་ལྕགས་སྒྲོམ་ཡིན་པ། (མི་མེད་གནམ་གྲུས་བརྒྱབ་པའི་པར)