འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་གྲོས་གཞི་དང་གྲོས་འགོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ“འདོན་པ་དང་། སྒྲུབ་གཉེར། ལྟ་སྐུལ། ལན་འདེབས། དཔྱད་བསྡུར”བཅས་ཕྱོགས་ལྔའི་ཐད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལེགས་ཆ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་ཆོས། འཐུས་མིའི་གྲོས་གཞི་དང་གྲོས་འགོ་སྒྲུབ་གཉེར་གྱི་ཕན་འབྲས་བཅས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་འགྱུར་བར་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོས་གཞི་དང་གྲོས་འགོའི་འབྱུང་རྩར་དམིགས་ཏེ། འགན་སྒྲུབ་ལས་ཀའི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང་འབྲེལ་ཡོད་ལས་ཀའི་བྱ་ཐབས་དང་སྲོལ་ཡིག་བཟོ་བཅོས་བརྒྱབ་སྟེ། འཐུས་སྒོ་ཚང་དུ་བཏང་བའི་ཐོག ལམ་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཐུས་མིའི་ལས་ཀའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ་དང་། དྲ་ཐོག་དང་དྲ་ཕྱིའི་ལས་སྟེགས་ལ་བརྟེན་ནས་གྲོས་གཞི་དང་གྲོས་འགོ་འབྲི་བའི་ཆེད་དོན་གསོ་སྦྱོང་དང་ཐོག་མའི་འགན་སྒྲུབ་གསོ་སྦྱོང་བྱས་ཏེ“སྒོ་རྩར་སློབ་ཁྲིད་བྱེད་པའི”མཛུབ་ཁྲིད་ཁྱབ་གདལ་གནད་སྨིན་བཏང་ནས་འགན་སྒྲུབ་ཀྱི་ཞན་ཆ་སེལ་བ་དང་ཐབས་འདོན་ཇུས་འབུལ་གྱི་ཆེད་ལས་ནུས་པ་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག གནས་ཚུལ་གོང་ཞུ་དང་བསམ་འཆར་ཉན་པའི་ཐབས་ལམ་བཤངས་ནས་གྲོས་གཞི་དང་གྲོས་འགོའི་ཚད་ལྡན་རང་བཞིན་དང་གནད་སྨིན་རང་བཞིན་གྱི་འགག་སྒོ་ནན་པོ་བསྲུངས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་ནས་བཟུང་། འཐུས་མིས་གྲོས་གཞི་ཁག་2དང་གྲོས་འགོ་ཁག་1315བཏོན་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་རིང་། འཐུས་མི་ཡོངས་ཀྱིས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་ལས་ཀའི་གྲོས་འགོ་ཁག་424བཏོན་པ་དང་ཚོགས་ཆུང་བགོས་ནས་གྲོས་ཞིབ་བྱེད་སྐབས་བསམ་འཆར་ཁག་335བཏོན་ཡོད། མིག་སྔར་འཐུས་མིའི་གྲོས་འགོ་འདོན་ཚད་བརྟན་པོ་འཕར་ནས་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད།
མིག་སྔའི་བར། འགྲོ་གཞི་ཁག་416ཐག་གཅོད་བྱས་པ་དང་ཐག་གཅོད་བྱེད་ཚད་50.6%ཟིན་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་འབོར་ཆེན་ཞིག་ཐག་གཅོད་ནུས་ལྡན་ཐུབ་སྟེ་གྲོས་འགོ་སྒྲུབ་གཉེར་ལས་དོན་དེ“ལན་ལ་སྣང་ཆེན” བྱེད་པ་ནས“དོན་འཁྱོལ་ལ་སྣང་ཆེན”བྱེད་པའི་བར་རིམ་བཞིན་བསྒྱུར་བས་སྒྲུབ་གཉེར་གྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་གྲོས་གཞི་དང་གྲོས་འགོ་སྒྲུབ་གཉེར་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དང་། གནད་དོན་ཐག་གཅོད་བྱ་རྒྱུ་ཕྱོགས་སྟོན། ཕན་འབྲས་ཆེ་རུ་གཏོང་རྒྱུ་དམིགས་ཚད་བཅས་སུ་བྱས་ནས་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་ལག་ལེན་བསྟར་ཕོད་པ་བྱས་ཏེ། གྲོས་གཞི་དང་གྲོས་འགོ་དེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཏུ་འགྱུར་བར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་པ་རེད།