ཟླ་7ཚེས་29ཉིན། མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཞང་ཞུང་ཟམ་པ་དངོས་སུ་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཅིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.29བཏང་བ་དང་2025ལོའི་ཟླ་4པར་ལས་འགོ་ཚུགས་ཡོད། ཟམ་ཆེན་དེའི་ལམ་ཐག་ཧྲིལ་པོར་སྤྱི་ལེ་0.164ཡོད་པ་དང་། མ་ཟམ་གྱི་རིང་ཚད་ལ་སྨི་117དང་ཞེང་ཚད་ལ་སྨི་24.5ཡོད་པ། ཕྱོགས་གཉིས་སུ་འཁོར་ལམ་4ཡོད་པ་བཅས་ཀྱི་ལྕགས་སྒྲོམ་གདུང་མའི་ཟམ་ཆེན་ཞིག་རེད། སེང་གེ་ཁ་འབབ་འཕྲེད་བརྒལ་བཏང་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པའི་ཞང་ཞུང་ཟམ་པ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ལས། མཐའ་འཁོར་གྱི་མ་ལམ་གཙོ་བོའི་འཁོར་རྒྱུན་ཁག་བགོས་ནུས་ལྡན་ཐུབ་པ་དང་། གྲོང་ཁུལ་གྱི་འགྲིམ་འགྲུལ་གྱི་སྤྱི་ཡོངས་བཀོད་པ་སྔར་བས་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་ཕྱིན་ནས་མང་ཚོགས་ཕྱིར་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་དང་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཞིང་། འདི་ནི་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཞང་ཞུང་ཟམ་པ་ཡིན་པ།