ཉིན་ཤས་གོང་། སུའུ་ཀྲོའུ་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་སུ་འཚོགས་པའི“2034བུམ་པའི”སློབ་ཆུང་སློབ་མའི་འགྲན་བསྡུར་ཆེན་པོ་སྐབས་དྲུག་པའི(U12)མཐའ་བསྡུར་ནང་། མེ་འཁོར་ཆུ་ཚོད་49བསྡད་དེ་འགྲན་བསྡུར་ལ་ཞུགས་མཁན་བོད་ཀྱི་ཕྲུ་གུ་ཚོ་ཕམ་པ་རེད། ཡིན་ནའང་། འགྲན་བསྡུར་ཚར་རྗེས་མི་སེམས་འགུལ་བའི་རྣམ་པ་ཞིག་དྲ་ཐོག་ཏུ་ཁྱབ་པ་སྟེ། བོད་ཀྱི་ཕྲུ་གུ་ཚོས་འགྲན་ཡར་ཁ་བཏགས་གཡོགས་ནས་སྨོན་འདུན་ཞུས་པ་དང་། འགྲན་ཡའི་ཕྲུ་གུ་ཚོས་ཀྱང་དགའ་བསུ་ཚ་ཐག་ཆོད་ཞུས་ཏེ་ཁོང་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་སྐུལ་ལྕག་བྱས་པ་རེད། དྲོ་སྐྱིད་ཀྱི་རྣམ་པ་འདི་མཐོང་འཕྲལ་ལྟད་མོ་བ་ཚོས་ཀྱང་ཁོང་ཚོར“བོད་ལྗོངས་ཤུགས་རྒྱོབ”ཅེས་ལྕག་སྐུལ་བྱས།
བྱང་རྩྭ་ཐང་གི“ལྷས་རའི་ནང་གི་འཛམ་གླིང་བུམ་པ”ནས་རྩལ་ཁྲིད་པའི“ཉམས་མྱོང་ཕྱོགས་སྡོམ་ཡང་ཡང་གྱིས”ཞེས་དང“ཕོ་ཁྱོ་ག་ནང་བཞིན་ངར་ཤུགས་སྒྲིམ”ཞེས་པའི་མངགས་བྱའི་བར་དང་། རྐང་པ་སྐྲངས་པའི་ན་ཟུག་སྒོམ་བཞིན་སྤོ་ལོ་ཧུར་ཐག་འགོག་བཞིན་པའི་སྒོ་ར་བ་ཆུང་ཆུང་ནས་མཇུག་འགྲིལ་ཤུ་སྒྲ་མ་གྲགས་བར་བློས་གཏོང་གཏན་ནས་མི་བྱེད་པའི་སྤོ་ལོ་རྒྱག་མཁན་ཚང་མའི་བར་བཅས་ཕྱོགས་གང་ས་ནས་ས་མཐོའི་ལོ་ཆུང་གཞོན་ནུས་རྐང་རྩེད་སྤོ་ལོར་བཅངས་པའི་ཟོལ་མེད་ཀྱི་དགའ་ཞེན་གསོན་ཉམས་དོད་པོས་མཚོན་གྱི་ཡོད། ལུས་རྩལ་ནི་ལུས་ཤེད་འགྲན་པ་ཙམ་མིན་པར། མི་གཤིས་སྐྱོང་བའི་སློབ་གསོ་ཞིག་དེ་བས་ཀྱང་རེད། ཕམ་ནའང་དཔའ་མི་ཞུམ་པ་དང་འགྲན་ཡའི་མདུན་དུ་གཉའ་མི་ཁུམ་པའི་སྙིང་རུས་བརྟན་པོ་འདིས་མི་ཚེའི་ཤུལ་ལམ་རིང་མོར་ཁོང་ཚོའི་རྔུལ་ཆུའི་ཐིགས་པ་རེ་རེར་འབྲས་བུ་སྨིན་པ་གདོན་མི་ཟ།
འགྲན་ཡར་ཁ་བཏགས་གཡོགས། ཕུགས་བསམ་དོན་དུ་གཉེར། ས་མཐོའི་ལོ་ཆུང་གཞོན་ནུ་འདི་དག་གིས་རྩ་ཆེའི་མྱོང་བ་དེ་འབྱུང་འགྱུར་གྱི་ལམ་བུར་མུ་མཐུད་ཧུར་བརྩོན་གྱི་གཤོག་ཟུང་བསྒར་རྒྱུའི་རེ་བ་ཡོད་ལ། སྔར་བས་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཐོག་འབད་པ་ཧུར་ལེན་གྱིས་ཤིག (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)