ལྷ་སའི་སྙེ་མོ་ལུང་གཞུང་དུ་སྐྱོད་སྐབས་མུ་ལ་མུ་ཁྱུད་ཀྱི་ནས་དང་པད་ཁའི་མེ་ཏོག་གཅིག་ལ་གཅིག་བརྒྱན་དང་། ནགས་ས་དང་རྫིང་བུ་གཅིག་ལ་གཅིག་འདྲེས། གནའ་ཉམས་བབ་ཆགས་ཀྱི་གྲོང་གསེབ་དང་ཞིང་ནང་མཛེས་ལྗོངས་མཉམ་འདྲེས་བཅས་བྱུང་ནས་དབྱར་དུས་ཀྱི་ས་མཐོའི་ཐུན་མིན་གྱི་མཛེས་ཉམས་ཤིག་མངོན་ཞིང་། འདི་ནི་སྙེ་མོ་ལུང་གཞུང་གི་མཛེས་ལྗོངས་ཡིན་པ།