《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月11日

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

《འབྲུབ་འགོག་ཐན་འགོག་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འབྲུབ་འགོག་ཐན་འགོག་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས། འབྲུབ་འགོག་ཐན་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་བཀོད་སྒྲིག་བྱས་པ་རེད།

《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། ཆུ་ལོག་དང་། ཞོད་སྐྱོན། ཐན་སྐྱོན་བཅས་ཀྱི་གནོད་འཚེའི་ཤུགས་རྐྱེན་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འབྲུབ་འགོག་དང་། ཐན་སྐྱོན། མཚོ་ལྷགས་བཅས་ཆེན་པོ་འགོག་པར་གཞི་ཚུགས་པ། མཐའ་ཚད་ཀྱི་བསམ་གཞིག་དང་མཐའ་ཟད་བསམ་གཞིག་བརྟན་པོ་འཛུགས་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་དགོས། བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ། ས་གནས་ཏང་ཨུད་དང་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དང་ལས་རིགས་སྡེ་ཚན་གྱི་ལྟ་འདོམས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། འབྲེལ་ཡོད་ཁེ་ལས་དང་བྱ་གཞག་ཚན་པའི་འགན་འཁུར་བ་གཙོ་བོའི་འབྲུབ་འགོག་བདེ་སྲུང་གི་འགན་འཁྲི་ཨང་དང་པོ་ནན་དུ་གཏོང་དགོས། རིམ་ཁག་འབྲུབ་འགོག་ཐན་འགོག་བཀོད་འདོམས་སྒྲིག་གཞིས་སྤྱི་འདོམས་མཐུན་སྦྱོར་དང་བཀོད་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་རང་འགན་གཙང་སྒྲུབ་དང་མཐུན་སྦྱོར་གང་ལེགས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ། འབྲུབ་འགོག་ཐན་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་འཐབ་ས་དང་པོར་འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་གདོང་མཆོང་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱེད་དགོས།

《བརྡ་ཐོའི》ནང་ནན་བཤད་བྱས་དོན། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ནས་མ་བྱུང་སྔོན་འགོག་དང་སྔོན་འགོག་སྔོན་ལ་འཇོག་དགོས། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གནད་ལ་འཁེལ་ཚད་མཐོ་རུ་གཏོང་བ་དང་རི་ཁུལ་གྱི་ཆུ་ཕྲན་རྒྱུག་ཁུལ་སོགས་ཀྱི་གཙོ་གནད་ཁུལ་ཁོངས་དང་མཚན་མོ་དྲག་ཆར་འབབ་མང་བ་སོགས་ཀྱི་གཙོ་གནད་དུས་མཚམས་སུ་གནས་སྐབས་ཀྱི་སྔོན་བརྡ་དང་ཉེན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས། སྔོན་བརྡ་དང་ལེན་གྱི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་གནོད་འཚེའི་སྔོན་བརྡ་དང་ལེན་དང་རྗེས་སྙེག་ལན་སྤྲོད་ལམ་སྲོལ་དོན་འཁྱོལ་བྱས་ཏེ། སྔོན་བརྡའི་ཆ་འཕྲིན་འཕྲལ་མར་གཞི་རིམ་གྱི་འགན་འཁུར་མི་སྣ་དང་གནོད་འཚེ་ཕོག་ཡུལ་མང་ཚོགས་ཀྱིས་ཤེས་པར་བྱེད་དགོས།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) རི་ཁུག་ལུང་ཤུར་དང་། གུ་དོག་པའི་ཆུ་ཡུར། རི་གཟར་གཡང་གཟར་སོགས་ཉེན་ཁ་ཆེ་བའི་ཁུལ་ཁོངས་དང་། ཨར་ལས་ཁུལ། དམངས་སྲོལ་གནས་ཚང་། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་མི་སྣ་འདུ་འཛོམས་ཆེ་ས་དང་རྒན་གསོའི་སྒྲིག་གཞི་དང་། སློབ་གྲྭ སྨན་ཁང་སོཌ་གཙོ་གནད་ཁུལ་བཅས་ལ་དམིགས་ནས། “གནས་རེར་ཐབས་ཇུས་རེའི”བྱེད་ཐབས་ལ་བརྟེན་ཏེ། ཉེན་གཡོལ་ཁུལ་དང་ཉེན་གཡོལ་བྱེད་ཐབས་དོན་འཁྱོལ་དང་། ལྷག་པར་དུ་རྒན་རྒོན་དང་། ཉམས་ཞན། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་གཙོ་གནད་ཚོགས་སྤྱི་སྔ་ཙམ་ཉེན་གཡོལ་ཐུབ་པར་བྱས་ཏེ་གནས་སྤོ་བྱེད་དགོས་རིཌ་ཚང་མ་གནས་སྤོ་བྱེད་དགོས།

《བརྡ་ཐོའི》ནང་བླང་བྱ་བཏོན་དོན། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཆུ་བོ་རྒྱུག་ཁུལ་གྱི་སྟོད་སྨད་རྒྱུད་དང་། གཡས་གཡོན་ངོགས་གཉིས། ཆུ་བོ་ཨ་མ་དང་ཆུ་ཕྲན་བཅས་ལ་སྤྱི་འདོམས་དང་། དེ་བཞིན་ཁུལ་ཁོངས་སྒྲོལ་བའི་མཉམ་འགུལ་གྱིས་འབྲུབ་འགོག་གི་འདུ་འགོད་གཙོ་བོ་ཚན་རིག་དང་མཐུན་པར་བཀོད་གཏོང་གནད་སྨིན་དང་། འབྲུབ་འགོག་འདུ་འགོད་མ་ལག་གི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ཆུ་བོ་རྒྱུག་ཁུལ་སྤྱི་ཡོངས་ཀྱི་ཆུ་ལོག་གི་ཉེན་ཁ་ཆུང་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་གཙང་པོའི་ཆུ་ལོག་སྔོན་འགོག་དང་དེར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་སྒྲུབ་དགོས། རགས་སྒྲོལ་འཛུཌ་སྐྲུན་དངོས་པོ་དང་། ཉེན་ཁ་ཆེ་བའི་ལས་ཡུལ་དང་དུམ་བུ། ལོ་རྒྱུས་སུ་ཉེན་ཁ་ཐོན་སླ་བའི་གནས། ཆུ་མཛོད་དང་ཆུ་རགས་ཆེན་པོ། འབྲུབ་ལམ་སོགས་གཙོ་གནད་ཁུལ་དུ་སྐོར་གཡེང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྐོར་ཞིབ་འགོག་སྲུང་གི་སྤུས་ཚད་མཐོ་རུ་བཏང་སྟེ་གནད་དོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས། གཙང་པོ་དང་མཚོའི་འབྲུབ་ཆུ་བཞུད་ས་དང་ཆུ་ལོག་གསོག་ཡུལ་གྱི་བར་མཐོངས་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ལོག་གསོག་ཁུལ་སྤྱོད་པར་གྲ་སྒྲིག་ཡག་པོ་བྱེད་དགོས། འབྲུབ་འགོག་དང་འཁྱིལ་ཆུ་གཤོང་བའི་ལས་གྲྭའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་འབྲུབ་འགོག་གི་འགག་རྩའི་དུས་སུ་དྲག་ཆར་དང་ཞོད་སྐྱོན་གྱི་གནོད་འཚེར་དོགས་ཟོན་དང་ཁ་གཏད་གཅོག་དགོས།

《བརྡ་ཐོའི》ནང་བླང་བྱ་བཏོན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་སྟབས་བསྟུན་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་སྒྲིག་བཀོད་ཀྱི་གཟར་ངོས་མཐོ་ས་དང་། ས་རྒྱོང་ལམ། ལམ་ཁྱོག་གཟར་ངོས། ཆུ་འགྲམ་གཙང་འགྲམ་སོགས་གཙོ་གནད་ཁུལ་དང་དེ་བཞིན་གྲོང་ཁྱེར་གྱི་སྲོག་རྩའི་སྒྲིག་བཀོད་ཀྱི་གཤོང་སའི་ས་ཚིགས་དང་། ས་འོག་མདོང་ལམ། མདོང་ལམ་རྙིང་པ་སོགས་ཞན་ཆའི་ལྷུ་ཚིགས་ལ་གྲལ་བཤེར་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཁོར་སྐྱོད་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་འགག་རྩའི་དུས་མཚམས་སུ་སྐོར་ཞིབ་བྱེད་ཐེངས་མང་དུ་བཏང་སྟེ་དུས་ཐོག་ཏུ་ཉེན་ཁའི་གནས་ཚུལ་ཤེས་རྟོགས་དང་སྔོན་བརྡ་གཏོང་དགོས། ལྷོ་ཆུ་བྱང་འདྲེན་དང་ནུབ་རླངས་ཤར་འདྲེན་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་ལས་གྲྭའི་འབྲུབ་འགོག་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་སྐྲུན་བཞིན་པའི་ལས་གྲྭ་ཁག་འབྲུབ་ཆུའི་དུས་སུ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།

《བརྡ་ཐོའི》ནང་ནན་བཤད་བྱས་དོན། མགྱོགས་ལ་ལས་ཕྱོད་ཆེན་པོས་ཉེན་སེལ་རོགས་སྐྱོབ་དང་གུད་སྐྱོབ་བྱེད་དགོས། ཉེན་སེལ་རོགས་སྐྱོབ་ཀྱི་སྟོབས་ཤུགས་དང་སྒྲིག་བཀོད་དངོས་ཟོག་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་འདོམས་བཀོད་སྒྲིག་དང་སྔོན་འགོག་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་དངོས་ཟོག་མགྱོགས་མྱུར་གྲ་སྒྲིག་དང་གཏོང་འདྲེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྐྱེལ་འདྲེན་ནུས་པ་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། ཀྲུང་དབྱང་ཁེ་ལས་ཀྱི་ཆེད་ལས་སྟོབས་ཤུགས་སོགས་སྟོབས་ཤུགས་སྣ་ཚོགས་ཀྱི་ནུས་པ་གང་ལེགས་འདོན་པ་དང་ཁུལ་ཁོངས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་ཀྱི་དངོས་འཐབ་ནུས་པ་ཆེ་རུ་བཏང་ནས་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་ངང་ཉེན་སེལ་རོགས་སྐྱོབ་བྱེད་དགོས། འཕྲིན་གཏོང་སྒྲིག་ཆས་གྲ་སྒྲིག་ཨང་བསར་བྱས་ནས་ལམ་དང་། དྲ་བ། གློག་སོགས་ཆད་པར་ཁ་གཏད་གཅོག་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། བརྩེ་སེམས་ཟབ་མོས་གུད་སྐྱོབ་རོགས་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། གུད་སྐྱོབ་མ་དངུལ་དུས་ཐོག་ཏུ་སྔོན་གཏོང་བྱེད་པ། གནོད་འཚེའི་འགན་བཅོལ་སྔོན་གསབ་དང་མགྱོགས་མྱུར་གསབ་རྒྱུར་མཐུན་སྦྱོར་བཅས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱེད་དགོས།

《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ཐོན་ཁུངས་གཞི་རིམ་ལ་ཕྱོགས་པ་དང་སྟོབས་ཤུགས་འཐབ་ས་དང་པོར་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་གནོད་འཚེའི་ཉེན་ཁ་དབྱེ་འབྱེད་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། སྔོན་ཇུས་ནང་སྦྱོང་སོགས་ཀྱི་ཆེད་ལས་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་འབྲུབ་འགོག་དང་། གནོད་འཚེ་ཉུང་གཏོང་། གུད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། གཞི་རིམ་གྱི་ལས་བྱེད་པ་དང་ལྷག་པར་དུ་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པར་ཆེད་ལས་རྩལ་ནུས་གསོ་སྦྱོང་ཡག་པོ་བྱས་ཏེ་གཞི་རིམ་གྱིས་ས་གནས་དེ་གའི་གནོད་འཚེའི་ཁྱད་ཆོས་ལ་དམིགས་ནས་སྤྱོད་གོ་ཆོད་པའི་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་བྱེད་དགོས། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་སྐོང་འཐེན་གང་ལེགས་བྱས་ཏེ་མང་ཚོགས་ལ་ཉེ་འགྲམ་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སྙན་སེང་ཞུ་བར་ལྕག་སྐུལ་བྱེད་དགོས། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་དང་འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་བྱས་ནས་མང་ཚོགས་ཚོའི་གེགས་འགོག་ཉེན་གཡོལ་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས།

དེ་དང་ཆབས་ཅིག《བརྡ་ཐོའི》ནང་བསྟན་དོན། ཐན་སྐྱོན་དང་ཞོད་སྐྱོན་གྱི་ཉེན་ཁ་ཚབས་ཆེར་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་དང་། འབྲུབ་འགོག་དང་ཐན་འགོག་གཉིས་ཀར་དམ་འཛིན་མཐའ་འཁྱོངས། ཐན་འགོག་སྔོན་ཇུས་དང་འཕྲལ་སྡོམ་ཆུ་མཁོ་འདོན་གྱི་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་ཐན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས།

《བརྡ་ཐོའི》ནང་ནན་བཤད་བྱས་དོན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་འབྲུབ་འགོག་ཐན་འགོག་ལས་དོན་གྱི་སྒྲིག་ལམ་ནན་དུ་གཏོང་བ་དང་། འབྲུབ་དུས་ཀྱི་སྡོད་བྱའི་གཏན་འབེབས་ལག་བསྟར་ནན་པོ། ཆུ་ཚོད་24རིང་ཆེད་མིའི་སྡོད་བྱ་དོན་འཁྱོལ། འགག་རྩའི་ལས་གནས་ཀྱི་སྡོད་བྱའི་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་དང་ལེན་བྱེད་རིང་གནས་ཚུལ་ལ་གཞིགས་ནས་སྡེ་ཚན་མང་པོ་མཉམ་དུ་སྡོད་བྱ་བཅས་བྱས་ཏེ་ཉེན་ཁ་དང་གནོད་འཚེ་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས་སྡོད་བྱ་དང་འཐབ་ས་དང་པོའི་བཀོད་འདོམས་ལ་ཤུགས་སྣོན་རྒྱག་དགོས། ཆ་འཕྲིན་གོང་ཞུའི་འགན་འཁྲི་ནན་དུ་གཏོང་བ་དང་མི་སྣ་ཤི་རྨས་ཚབས་ཆེན་དང་། ཉེན་ཁའི་གནས་ཚུལ་དང་གནོད་འཚེའི་གནས་ཚུལ། ལས་ཀའི་ཆ་འཕྲིན་གལ་ཆེན་བཅས་འཕྲལ་མར་གོང་རིམ་ལ་ཞུ་བ་ལས། སྙན་སེང་ནར་འགྱངས་དང་། སྙན་སེང་མི་ཞུ་བ། གནས་ཚུལ་སྦ་གསང་བཅས་བྱེད་པའི་སྣང་ཚུལ་མཐའ་གཅིག་ཏུ་འགོག་དགོས།