《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月09日

མ་རྨོས་ལོ་ཏོག་བསྡུ་བར་བྲེལ།

དེང་གི་ཆར། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥུང་ནན་ཆུས་ཀྱི་མ་རྨོས་ལོ་ཏོག་སོས་པ་བསྡུ་འགོ་ཚུགས་ཤིང་། ས་གནས་དེ་གའི་ཞིང་དུད་ཀྱིས་ཞིང་ལས་དུས་ཚོད་དམ་འཛིན་གྱིས་བརྔ་བསྡུ་དང་ཁྲོམ་རར་མཁོ་འདོན་བྱས་ཏེ་ཞིང་ནང་དུ་ལོ་ལེགས་ཀྱི་རྣམ་པས་ཁེངས་ཡོད། ཉེ་བའི་ལོ་ཤས་རིང་། ཐང་ཧྲན་གྲོང་ཁྱེར་ཧྥུང་ནན་ཆུས་ཀྱིས་ས་གནས་དེ་གའི་ཞིང་ལས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་འདེབས་འཛུགས་གྲུབ་ཆ་ལེགས་སུ་བཏང་བ་མ་ཟད། ཞིང་པར་སྔ་སྨིན་ཟས་ཆོག་གི་མ་རྨོས་ལོ་ཏོག་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་དང་གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས་བྱས་ཡོད།འདི་ནི་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥུང་ནན་ཆུས་ཞའོ་ཅི་གྲོང་རྡལ་པེ་ཐེན་ཀྲོང་གྲོང་ཚོའི་ཞིང་པས་མ་རྨོས་ལོ་ཏོག་སོས་པ་བསྡུ་བཞིན་པ།