《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月05日

མེའོ་རིགས་ཀྱི་ལཱ་ཚོས་རྩལ་ནུས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་མདུན་ལྗོངས་གསར་པ་བཀོད་པ།

2006ལོར། མེའོ་རིགས་ཀྱི་ལཱ་ཚོས་རྒྱག་པའི་རྩལ་ནུས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་ནང་བཅུག་པ་རེད། དེ་གོང་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ཏན་ཀྲའེ་རྫོང་མེའོ་རིགས་ཀྱི་ལཱ་ཚོས་བརྒྱབ་པའི་ཐོན་རྫས་དག་སྟོད་ཐུང་གི་གོང་བ་དང་ཕུ་ཐུང་སོགས་དང་། དེ་བཞིན་རས་ཀྱི་ཁ་གདན་དང་སྒོ་ཡོལ་སོགས་འཚོ་བའི་མཁོ་ཆས་ལ་མཛེས་རྒྱན་སྤྲོས་པར་སྤྱོད་ཀྱི་ཡོད། ཁྲོམ་ར་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་ས་གནས་དེ་གའི་མེའོ་རིགས་མང་ཚོགས་ཚོས་ལཱ་ཚོས་བརྒྱབ་པའི་ཐོན་རྫས་ཁྲོམ་རར་བཏོན་པ་བརྒྱུད། ལཱ་ཚོས་རྒྱག་པ་དེ་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བའི་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད། ད་ཆ། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་མེའོ་རིགས་ཀྱི་ལཱ་ཚོས་ཁྲིད་སྦྱོང་ལས་སྟེགས་ཧུར་ཐག་བཏོད་དེ། ན་གཞོན་རྒྱུན་འཛིན་པ་གསོ་སྐྱོང་དང་ཁྲོམ་རའི་དགོས་མཁོ་གཞིར་བཟུང་ཐོན་རྫས་གསར་གཏོད་བྱས་ནས་མང་ཚོགས་ཁྱིམ་དུ་བསྡད་ནས་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད།འདི་ནི་ཐད་གཏོང་བ་ཞིག་གིས(གཡོན)ཀུའེ་ཀྲོའུ་ཞིང་ཆེན་ཏན་ཀྲའེ་རྫོང་དབྱང་ཝུའུ་གྲོང་རྡལ་ཕའེ་མོ་གྲོང་ཚོར་མེའོ་རིགས་ཀྱི་ལཱ་ཚོས་བརྒྱབ་པའི་སྨད་གཡོགས་ཐད་གཏོང་ནས་འོས་སྦྱོར་བྱེད་བཞིན་པ།