ཉེ་ཆར། མེ་ཏོག་རྫོང་དགུ་ཐང་ཤང་ཏང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། ཤང་སློབ་ཆུང་གི་དགེ་སློབ་དང་མཉམ་དུ་ཉི་རི་ཁ་ནགས་གསེབ་ཐོན་ཁུངས་མཉམ་ལས་ཁང་དུ་བསྐྱོད་ནས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ཐོན་ལས་ཀྱིས་མཐུན་རྐྱེན་སྦྱོར་བ། ཞིབ་སློབ་མཉམ་སྤེལ”གྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་ཏེ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཐོན་ལས་ཀྱི་འཐབ་ས་དང་པོར་སྤེལ་བ་རེད། འདི་ནི་དགུ་ཐང་ཤང་གི་ཏང་ཡོན་ལས་བྱེད་པ་དང་ཤང་སློབ་ཆུང་གི་དགེ་སློབ་ཚོས་དྲོད་ཁང་ཆེན་མོའི་ནང་ཀོ་ཤ་དཀར་པོ་འཐུ་བཞིན་པ།