① ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་ཏུའུ་ཅི་ཆུས་པའེ་ལན་པའེ་ཧོ་མཛེས་ལྗོངས་ཁུལ་ནི་དེ་སྔ་གཏེར་རྡོ་བསྔོགས་ནས་ཀོང་སར་གྱུར་པའི་ཁུལ་ཞིག་རེད། ས་གནས་དེ་གས་ཀོང་སའི་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་ལ་གཞི་ཚུགས་ཏེ་དྲི་ཞིམ་པད་མ་དང་པད་མའི་རྒྱལ་པོ་སོགས་པད་མ་སྣ་ཁ་300ལྷག་ཙམ་ནང་འདྲེན་བྱས་ནས་བཏབ་པས“སྐྱེ་ཁམས་སླར་གསོ་དང་། འདམ་རའི་འདེབས་གསོ། རིག་གནས་ཡུལ་སྐོར་གྱིས་མི་དམངས་ཕྱུག་འགྱུར”བཅས་ཟུང་དུ་འབྲེལ་བའི་ཕྱོགས་སྒྱུར་ལམ་བུ་ཞིག་བཏོད་ཡོད། འདི་ནི་པའེ་ལེན་པའེ་ཧོ་མཛེས་ལྗོངས་ཁུལ་གྱི་ཡུལ་ལྗོངས་ཡིན་པ།
② ཅང་ཤིས་ཞིང་ཆེན་ཀྲང་ཧྲུའུ་གྲོང་ཁྱེར་གྱི་ཚའོ་ཤིས་ཧོ་གཙང་པོ་དེ་ཉིད་དེ་སྔ་དྲི་ངན་བྲོ་ཞིང་ཆུ་ལོག་རྒྱས་སླ་བས། ས་གནས་དེ་གས་ཆུ་བོ་བཅོས་སྐྱོང་དང་མཛེས་ལྗོངས་ཁུལ་སྐྲུན་པ་སོགས་ཀྱི་བྱེད་ཐབས་བརྒྱུད། དེ་ཉིད་མཛེས་སྡུག་ལྡན་པའི་ཆུ་བོའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད། འདི་ནི་ཀྲང་ཧྲུའུ་གྲོང་ཁྱེར་ཧྥུའུ་ཁྲེང་ཁྲོམ་གཞུང་ཚའོ་ཤིས་ཧོ་གཙང་པོའི་ངོགས་གཉིས་སུ་གྲོང་མིས་ཕྲུ་གུ་ཁྲིད་དེ་ལམ་ཟུར་སྤྱི་གླིང་དུ་རྩེད་འཇོར་རོལ་བཞིན་པ།
③ ཉེ་ཆར། སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར་ཀོན་ཧྲེང་མཚེའུའི་འདམ་རའི་སྤྱི་གླིང་དུ་སྐལ་བཟང་མེ་ཏོག་རྣམ་པར་བཞད་པ་དང་། སྔོ་ལྗང་རྩྭ་ཡི་གསེབ་ཏུ་མེ་ཏོག་ཟིང་དཀར་གྱིས་རབ་ཏུ་བརྒྱན་ཏེ་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་ཅིག་ཅར་དུ་བཀུག་ཡོད།
④ ཉེ་བའི་ལོ་ཤས་རིང་། ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་ཆུས་ཀྱིས་གནའ་བོའི་ལྗོན་ཤིང་གི་ཚོགས་སྲུང་སྐྱོང་ཤུགས་ཆེན་བྱས་ཏེ་གནའ་བོའི་ལྗོན་ཤིང་གྲགས་ཅན་གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་རྟགས་བཏོད་ཡོད། འདི་ནི་ཆན་ཅང་ཆུས་ཅིན་ཤིས་གྲོང་རྡལ་གྱི་དང་བླངས་པས་གནའ་བོའི་ཁམ་དཀར་སྡོང་པོར་ཚད་འཇལ་བ་དང་ལྗོན་ཤིང་གི་སྐྱེ་འཚར་ལ་སྐོར་ཞིབ་བྱེད་བཞིན་པ།
⑤ ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་བེད་མེད་ས་ཆ་དང་མཐའ་ཟུར་ས་ཆ་སོགས་སུ་རྩྭ་རྩི་ཤིང་འདེབས་པ་དང་། སྒྲིག་འགལ་གྱི་སྐྲུན་དངོས་བཤིག་ནས་རྩྭ་འདེབས་པ། ཡུལ་བབ་དང་བསྟུན་ནས་ཆུང་ཞིང་མཛེས་པའི་ལམ་ཟུར་སྤྱི་གླིང་བསྐྲུན་ཏེ་གྲོང་མིའི་སྐྱིད་སྣང་ཆེ་རུ་བཏང་ཡོད། འདི་ནི་ཐུང་ཀྲོའུ་ཆུས་ཅིན་ཤིན་ཁྲོམ་གཞུང་གི་ལམ་ཟུར་སྤྱི་གླིང་དུ་གྲོང་མིས་རིག་ནུས་ལུས་རྩལ་སྒྲིག་བཀོད་སྤྱད་དེ་ལུས་སྦྱོང་བྱེད་བཞིན་པ།
⑥ ཧྲན་ཏུང་ཞིང་ཆེན་རེ་ཀྲའོ་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་ས་ཁོངས་ཡོངས་སུ་མཛེས་སྡུག་ལྡན་པའི་མཚོ་ཁུག་བསྐྲུན་པའི་ཚོད་ལྟའི་གྲོང་ཁྱེར་ཞིག་ཡིན་པ་དང་། ས་ཆ་དེས་གྲུ་ཁ་རྒྱ་མཚོར་སྒྱུར་བ་དང་། མཚོ་ངོགས་ཀྱི་སྐྱེ་ཁམས་སླར་གསོ། འདམ་ར་སྲུང་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་ནས་མཚོ་འགྲམ་གྱི་སྐྱེ་ཁམས་སྔོ་ལྗང་ལམ་བུ་བསྐྲུན་ཡོད། འདི་ནི་ཆུ་དྭངས་གྲམ་གཙང་དང་སྔོ་ལྗང་གིས་རབ་ཏུ་བརྒྱན་པའི་རེ་ཀྲའོ་གྲོང་ཁྱེར་གྱི་ཧྲེ་ཅིའུ་མཚོ་ཁུག་གི་ཡུལ་ལྗོངས་ཡིན་པ།
⑦ ཉེ་བའི་ལོ་ཤས་རིང་། ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྤྱི་པའི་སྔོ་ལྗང་ཁུལ་གྱི་ཐོན་ཁུངས་གང་ལེགས་སྤྱད་དེ། གྲོང་ཁྱེར་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ཞིང་། སྡེ་ཁུལ་གྱི་ལུས་རྩལ་སྤྱི་གླིང་སྐྲུན་ཤུགས་ཆེ་རུ་བཏང་ནས། “སྐར་མ་10ཡི་ལུས་སྦྱོང་བྱ་ཡུལ”བསྐྲུན་ཡོད། འདི་ནི་གྲོང་མི་རྣམས་ལུའོ་དབྱང་རིག་གནས་དངོས་མང་སྟོན་ཚོགས་ཀྱི་ལུས་རྩལ་སྤྱི་གླིང་དུ་རྩེད་འཇོར་རོལ་བཞིན་པ།
གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ནི་ཞིབ་ཆར་གནས་པ་དང་དམངས་འཚོའི་ཁྲོད་ནས་མངོན་གྱི་ཡོད། ཉེ་ཆར། 《གྲོང་ཁྱེར་གསར་སྒྱུར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ་དང་། གྲོང་ཁྱེར་གྱི་མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་སྔར་བས་ལེགས་སུ་གཏོང་རྒྱུ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ས་གནས་ཁག་གིས་ལམ་ཟུར་སྤྱི་གླིང་ཁྲི་1.8ལྷག་ཙམ་དང་གྲོང་ཁྱེར་གྱི་སྔོ་ལྗང་ལམ་སྤྱི་ལེ་ཁྲི་2.5བསྐྲུན་ནས་གྲོང་ཁྱེར་གྱི་འདམ་ར་ཉམས་གསོ་དང་། ལྗོན་ཤིང་སྲུང་སྐྱོང་། གཏེར་ཁུལ་གྱི་སྔོ་ལྗང་སླར་གསོ་བཅས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ལམ་ཟུར་སྤྱི་གླིང་དང་། གྲོང་ཁྱེར་གྱི་སྔོ་ལྗང་ལམ། སྐྱེ་ཁམས་མཛེས་ལྗོངས་རེ་རེ་ལས་མི་རྣམས་ཀྱིས་ལྗང་མདོག་ཁྱིམ་གཞིས་དང་འཚོ་སྡོད་རུང་བའི་སྡེ་ཁུལ་ལ་འཆང་བའི་འདུན་པ་མངོན་ཡོད་ལ། གྲོང་ཁྱེར་གསར་སྒྱུར་གྱི་དོན་ཆེན་སྒྲུབ་བཞིན་མཆིས།