ད་ཕན་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་ཀྲུའུ་ཅི་གྲོང་ཁྱེར་ཐུང་ཧྲན་གྲོང་རྡལ་གྱིས་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ཞིང་ལས་དང་། རིག་གནས། ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པའི་འཕེལ་རྒྱས་ཐབས་ལམ་མུ་མཐུད་འཚོལ་ཞིབ་བྱས་ཤིང་། ཡུལ་དེས་གྲོང་ཚོ་རིམ་པའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་གོ་སྐབས་སུ་བྱས་ཏེ་ལུས་རྩལ་འགྲན་བསྡུར་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་བྱེད་སྒོ་ཟུང་འབྲེལ་ལ་སྐུལ་འདེད་བཏང་བས། “ཟླ་རེར་བྱེད་སྒོ་ཡོད་པ་དང་དུས་ཚིགས་ཚང་མར་བཀྲག་མདངས་འཚེར་ས”ཡོད་པའི་གྲོང་གསེབ་ཀྱི་ཞིང་ལས་དང་། རིག་གནས། ཡུལ་སྐོར། ལུས་རྩལ་བཅས་ཀྱི་ཁུལ་ཁོངས་མཉམ་འགུལ་གྱི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད། “འགྲན་བསྡུར་ལ་གཞིགས་ནས་ཡུལ་སྐོར”དང“སྐྱོད་ཡུལ་ཡག་ཤོས་ཐུང་ཧྲན”སོགས་གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བ་མང་པོ“འགྲན་བསྡུར་ལ་ལྟ་བ་དང་། དམངས་སྲོལ་གནས་ཚང་ལ་སྡོད་པ། ཞིམ་ཟས་ལ་རོལ་བ། ཤིང་འབྲས་སོས་པ་འཐུ་བ”སོགས་སུ་ཡོང་བའི་ཡིད་དབང་བཀུག་ཡོད། འདི་ནི་ཡུལ་སྐོར་བས་ཐུང་ཧྲན་གྲོང་རྡལ་གྱི་རུང་ཧྲེན་ཁྱིམ་ཚང་ཞིང་ར་ནས་ཁམ་བུ་འཐོག་བཞིན་པ།